རྒྱ་ནག་གི་དྲ་རྒྱའི་ཁ་བྱང་གསར་པའི་འཆར་གཞི། – སྤྱོད་མཁན་གྱི་གསང་དོན་དང་དྲ་ཐོག་མིང་མེད་རང་བཞིན་ཐོག་རེ་བ་བརླག་པ་ཡིན་ནམ། New Digital ID proposal of China – A nail in the coffin for user privacy and online anonymity?
འཕྲུལ་རིག་ལག་རྩལ་ནི་ཕན་ཐོགས་ཆེ་བའི་གཡོག་པོ་ཞིག་ཡིན་མོད། འོན་ཀྱང་ཉེན་ཁ་ཅན་གྱི་དབང་འཛིན་པ་ཞིག་ཀྱང་ཡིན།
~ ཁི་རི་སི་ཊན་ལོ་འུ་སི་ལང་གེ
རྒྱལ་ཁབ་སོ་སོའི་ཁེ་ཕན་སྣ་ཚོགས་དང་འཕྲུལ་རིག་གསར་བརྗེའི་དུས་རབས་འདིར། རྒྱ་ནག་གི་དམར་ཤོག་སྲིད་གཞུང་གིས་གཞུང་འབངས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་དམ་བསྒྲགས་དང་། ལྟ་ལྐུལ་ཚོད་འཛིན། གནོན་ཤུགས་སྤྲོད་པར་འཕྲུལ་རིག་ལག་རྩལ་བེད་སྤྱོད་བརྒྱུད་སྣེ་ཁྲིད་མཁན་ཞིག་ཆགས་ཡོད། རྒྱ་ནག་དམར་ཤོག་གིས་ཁོ་ཚོའི་ས་ཁམས་ཆབ་སྲིད་ཀྱི་དམིགས་ཡུལ་སྲུང་སྐྱོབ་དང་འཕྲུལ་རིག་དབང་འཛིན་ཐོག་འབད་བརྩོན་བྱེད་པར་དཀའ་རྙོག་ཅན་གྱི་བཀག་སྡོམ་དང་ཞིབ་བཤེར་ཐབས་བྱུས་རྣམས་ཉིན་རེའི་ལས་ཀ་ལྟ་བུར་གྱུར་ཡོད།
ཕྱི་ལོ་ ༢༠༡༢ ལོར། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གིས་༼ དྲ་རྒྱའི་གནས་ཚུལ་སྲུང་སྐྱོབ་ཇེ་ཆེར། ༽ཞེས་པའི་རྒྱལ་ཡོངས་ལས་འགུལ་འདི་ནས་༼ མིང་དངོས་ཐོ་འགོད་མ་ལག ༽ཁྱབ་འཕེལ་བྱ་རྒྱུའི་ཐག་གཅོད་བྱས་ཡོད། མ་ལག་འདིའི་བརྒྱུད། རྒྱ་ནག་གི་དྲ་རྒྱ་ཞབས་ཞུ་དང་ནང་དོན་མཁོ་སྤྲོད་བྱེད་མཁན་ཚོས་སྤྱོད་མཁན་གྱི་མིང་དངོས་དང་། ཁ་བྱང་ལག་ཁྱེར་ཨང་གྲངས། གནས་ཚུལ་གཞན་དག་བསྡུ་རུབ་བྱེད་དགོས་པ་གསལ་འདུག ཕྱི་ལོ་ ༢༠༡༧ ལོར། རྒྱ་ནག་གི་དྲ་རྒྱའི་བར་སྣང་བདག་སྐྱོང་ལྷན་ཁང་གིས་དྲ་རྒྱ་ཞབས་ཞུ་ཚང་མའི་ཐོག་ཏུ་མིང་དངོས་ཐོ་འགོད་བྱེད་དགོས་པ་དྲ་རྒྱའི་བདེ་འཇགས་ཁྲིམས་གསར་པ་ལག་བསྟར་བྱས་ཡོད། ཁྲིམས་འདིས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོའི་མིང་མེད་རང་བཞིན་མེད་པ་བཟོས་པ་དང་ཆབས་ཅིག་གཞུང་གྱི་ཁོ་ཚོར་ལྟ་ལྐུལ་ཚོད་འཛིན་དང་། དམ་བསྒྲགས། གནོན་ཤུགས་སྤྲོད་པའི་དབང་ཆ་སྤྲད་ཡོད། སྤྱིར་སྟངས་བྱས་ན་དྲ་རྒྱ་ནི་རྒྱུ་མཚན་ཡང་དག་ཐོག་ནས་འཛམ་གླིང་ཡོངས་སུ་གསང་དོན་ལ་བརྩི་བཀུར་ཆེ་བའི་བར་སྣང་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད་ནའང་། དེ་ལྟ་བུའི་ཁྲིམས་ཀྱིས་རྒྱ་ནག་ནང་ཉེས་ཆད་ལ་འཇིགས་ནས་དྲ་རྒྱ་བེད་སྤྱོད་བྱེད་མཁན་དང་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་རང་དབང་ལ་ཚོད་འཛིན་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༧ ཚེས་ ༢༦ ཉིན། རྒྱ་ནག་མང་ཚོགས་བདེ་འཇགས་ལྷན་ཁང་དང་དྲ་རྒྱའི་བར་སྣང་བདག་སྐྱོང་ལྷན་ཁང་གཉིས་ཀྱི་རྒྱལ་ཡོངས་དྲ་རྒྱའི་ཁ་བྱང་ལག་ཁྱེར་སྤེལ་རྒྱུའི་འཆར་གཞི་བཏོན་ཡོད། ༼ སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ཇེ་ཆེར་གཏོང་རྒྱུ། ༽ ཞེས་པའི་རྒྱུ་མཚན་ཞིག་གི་འོག འཆར་གཞི་འདིས་དྲ་རྒྱའི་སྟེགས་བུ་དང་ཚོང་ལས་སྒྲིག་འཛུགས་གཞན་ནང་སྔོན་ཡོད་མིང་དངོས་ཐོ་འགོད་མ་ལག་ཐོག་བེད་སྤྱོད་ལོག་པ་བྱ་རྒྱུ་འགོག་ཐབས་བྱས་ཏེ། སྒེར་གྱི་གསང་དོན་ལ་སེམས་ཁྲལ་དང་གནས་ཚུལ་ཕྱིར་ཤོར་གྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ཡིན་པ་བཤད་ཡོད།དྲ་རྒྱའི་ཁ་བྱང་ལག་ཁྱེར་གསར་པ་འདི་སྤྱོད་མཁན་ཚོར་དྲ་རྒྱའི་སྟེང་དུ་ཐོ་འགོད་བྱེད་སྐབས་མིང་དངོས་དང་ཁ་པར་ཨང་གྲངས་ཚབ་ཏུ་རང་བཞིན་ཅན་གྱི་དྲ་ཐོག་ཁ་བྱང་གི་བྱ་ཐབས་གསར་པ་ཞིག་ཡིན་པར་བཤད་འདུག མ་ཟད་ད་ལྟའི་འཆར་གཞི་འདིའི་ཐད་མང་ཚོགས་ཀྱི་དགོངས་འཆར་བསྡུ་ལེན་བྱེད་བཞིན་ཡོད་པ་དང་། ཟླ་ ༨ ཚེས་ ༢༥ བར་དུ་དགོངས་འཆར་འབུལ་ཆོག་པ་གསལ་ཡོད། དྲ་རྒྱའི་ཁ་བྱང་ལག་ཁྱེར་ཐོབ་འདོད་ཡོད་མཁན་ཚོས་མང་ཚོགས་བདེ་འཇགས་ལྷན་ཁང་གིས་གསར་བཟོ་བྱས་པའི་རྒྱལ་ཡོངས་དྲ་རྒྱ་ཁ་བྱང་ཚོད་ལྟ་མཉེན་ཆས་བརྒྱུད་ནས་སྙན་ཞུ་འབུལ་ཆོག་པ་དང་། པེ་ཅིན་དུ་གཏན་གཞིར་བྱེད་པའི་རྒྱ་ནག་གི་བརྒྱུད་ལམ་ཚོགས་པ་ཅི་ཨ་ཞིན་རྒྱལ་སྤྱིའི་སྙན་ཐོ་ལྟར་ན། ཐོ་འགོད་བྱེད་སྐབས་རྒྱལ་ཁབ་ཀྱི་ཁ་བྱང་ལག་ཁྱེར་དང་གང་ཟག་དོ་བདག་གི་ངོ་གདོང་གཅིག་མཚུངས་ཀྱི་རྒྱུད་རིམ་ཁ་ཤས་ཀྱི་ར་སྤྲོད་བྱེད་དགོས་ཀྱིས་ཡོད། ཁ་པར་ལ་རྟགས་དཔྱད་བྱས་རྗེས་གསང་ཚིགས་གསར་པ་བཟོས་ཚར་ན། དྲ་ཐོག་ཨང་གྲངས་དང་དྲ་རྒྱའི་ལག་ཁྱེར་སྤྲོད་ཀྱིས་ཡོད། ཐོག་མའི་འཛུལ་ཞུགས་མཁན་དང་དགོངས་འཆར་བསྡུ་ལེན་གྱི་དུས་རིམ་ནང་། སྤྱོད་མཁན་ཚོས་མི་དམངས་ཞབས་ཞུའི་སྟེགས་བུ་བཅུ་དང་ཚོང་ལས་དྲ་རྒྱའི་ཉེར་སྤྱོད་མ་ལག་ ༧༡ བཅས་ཁྱོན་དྲ་རྒྱའི་ཉེར་སྤྱོད་མ་ལག་ ༨༡ གི་སྟེང་དུ་དྲ་རྒྱའི་ཁ་བྱང་ལག་ཁྱེར་ཚོད་ལྟ་བྱེད་ཆོག རྒྱ་ནག་གི་དྲ་རྒྱའི་ཉེར་སྤྱོད་མ་ལག་གྲགས་ཅན་དཔེར་ན། WeChat དང་། དྲ་ཐོག་ཉོ་ཚོང་ཞབས་ཞུ་ Taobao དང་། དྲ་ཐོག་ལས་མི་འཚོལ་སྒྲུབ་སྟེགས་བུ་ Zhaopin བཅས་ནང་ལག་ཁྱེར་ཚོད་བལྟ་བྱེད་ཐུབ།
རྒྱ་ནག་གཞུང་གིས་དྲ་རྒྱ་སྤྱོད་མཁན་གྱི་སྒེར་གྱི་གནས་ཚུལ་རྣམས་ཚོང་ལས་སྡེ་ཁག་ལས་སྲུང་སྐྱོབ་བྱེད་ཆེད་དྲ་རྒྱའི་ཁ་བྱང་ལག་ཁྱེར་སྤེལ་རྒྱུ་ཡིན་པར་བཤད་ཀྱང་། མཁས་དབང་མང་པོས་དེར་མོས་མཐུན་བྱེད་ཀྱིས་མེད་ལ། སློབ་དཔོན་དང་ཞིབ་འཇུག་པ། ཁྲིམས་རྩོད་པ་བཅས་ཀྱིས་དྲ་རྒྱའི་ཁ་བྱང་ལག་ཁྱེར་གྱི་ལས་གཞི་འདི་ནི་གཞུང་གིས་དྲ་ཐོག་ཏུ་སྒེར་དང་ལྷག་པར་དུ་སྤྱི་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་ཆེ་རུ་གཏོང་བ་དང་དབུས་སུ་བསྡུ་རུབ་བྱ་རྒྱུའི་ཆེད་བཀོལ་སྤྱོད་བྱེད་པའི་གདོང་འབག་ཅིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། ཆིང་ཧྭ་མཐོ་རིམ་སློབ་གྲྭའི་ནག་ཉེས་ཁྲིམས་ལུགས་སློབ་དཔོན་ལའོ་ཏུང་ཡན་གྱིས་ཝེ་པོའི་སྟེང་དུ། འཆར་གཞི་འདི་ནི་༼ མི་ཚང་མའི་དྲ་ཐོག་སྤྱོད་ལམ་ལ་ལྟ་ཞིབ་ཡོ་ཆས་ཤིག་སྒྲིག་འཇོག་བྱེད་པ་དང་འདྲ་བ་ཞིག་སྟེ། མི་སོ་སོའི་དྲ་རྒྱ་འཚོལ་བཤེར་གྱི་ལོ་རྒྱུས་ལྟ་བུའི་དྲ་ཐོག་གི་རྗེས་ཤུལ་ཚང་མ་ལས་སླ་པོས་བསྡུ་རུབ་བྱེད་ཐུབ། ༽ཅེས་བྲིས་ཡོད། ཁོ་མོས་དྲ་རྒྱའི་ཁ་བྱང་ལག་ཁྱེར་ལ་སྐྱོན་བརྗོད་བྱས་པ་ནས་བཟུང་ཁོ་མོའི་ཝེ་པོ་ཁ་བྱང་བཀག་སྡོམ་བྱས་ཡོད། པེ་ཅིན་གྱི་ཁྲིམས་རྩོད་པ་ཝང་ཚེ་ལི་ཨང་གིས་ཝེ་པོའི་སྟེང་དུ་༼ ངའི་བསམ་ཚུལ་ཐུང་ཐུང་ཞིག་ནི། ང་རང་འདིར་རྒྱབ་སྐྱོར་མེད། མི་སྒེར་གྱི་གསང་དོན་ལ་བར་སྟོང་ཏོག་ཙམ་འཇོག་རོགས་ ༽ཞེས་བྲིས་ཡོད། ཡེལ་མཐོ་རིམ་སློབ་གྲྭའི་ཁྲིམས་ལུགས་སློབ་གཉེར་ཁང་པའོ་ཚེ་རྒྱ་ནག་ལྟེ་གནས་ཀྱི་ཆེས་མཐོའི་ཞིབ་འཇུག་སློབ་མ་རྒན་པས། རྒྱ་ནག་ནང་གི་མི་མང་རྣམས་ལ་ཏོག་དབྱེབས་ནད་ཡམས་སྐབས་རྒྱ་གཞུང་གིས་ནད་དུག་སྟངས་འཛིན་ཆེད་མི་སྒེར་གྱི་འགྲོ་འོང་ལ་ཐོ་འགོད་དང་ཚོད་འཛིན་བྱེད་པར་དྲ་ཐོག་ཁ་བྱང་གི་མ་ལག་ཅེས་འཕྲོད་བསྟེན་བརྡ་ཁྱབ་མ་ལག་བེད་སྤྱོད་བྱེད་ཡོད་པའི་ཐེངས་འདིའི་དྲ་ཐོག་ཁ་བྱང་མ་ལག་ལ་དོགས་ཟོན་ཆེ་བ་བྱེད་ངེས་རེད་ཅེས་བཤད་ཡོད།
སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཐོག དྲ་རྒྱའི་ཁ་བྱང་ལས་རིམ་གསར་པ་འདི་ནི་རྒྱ་ནག་གིས་སྔར་ཡོད་བཞིན་པའི་འཕྲུལ་རིགས་ལག་རྩལ་དང་སྐྱེ་ཁམས་བརྟག་དཔྱད་ལྟ་ཞིབ་ལག་བསྟར་བྱེད་པའི་སྟེང་དུ་ཁ་སྣོན་ཞིག་ཡིན་པ་དང་། དེ་ནི་ཁོ་ཚོའི་རྒྱ་ནག་མི་མང་དང་གྲངས་ཉུང་མི་རིགས་དཔེར་ན་ཡུ་གུར་དང་བོད་རིགས་ལ་གཉའ་གནོན་གྱི་ལག་ཆ་ཞིག་ཏུ་འགྱུར་ཡོད། རྒྱལ་སྤྱིའི་ཚོང་ལས་ནང་འཕྲུལ་ཆས་ཁྱབ་ཁོངས་ཀྱི་སྤྱོད་མཁན་གྱི་སྒེར་གསང་དང་བདེ་འཇགས་ཐད་ལ་ཐོ་སྣང་ཆེན་པོ་ཡོད་བཞིན་པའི་སྐབས་འདིར། གསལ་ཆ་མེད་པའི་དྲ་རྒྱའི་ཁ་བྱང་དེ་ལྟ་བུས་རྒྱ་ནག་གི་འཕྲུལ་རིག་སྡེ་ཚན་རྣམས་ལ་རྒྱལ་སྤྱིའི་འཕྲུལ་རིག་ཚོང་རའི་ནང་མཉམ་ལས་བྱེད་རྒྱུ་དང་། སྔར་ཡོད་ཀྱི་རྒྱལ་སྤྱིའི་བདེ་འཇགས་སྒྲིག་གཞི་དང་མཐུན་སྒྲིག་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་སྲིད། དྲ་རྒྱའི་ཞབས་ཞུ་རིན་མེད་དང་དར་ཁྱབ་ཆེ་བ་དེ་འདྲ་བེད་སྤྱོད་བྱེད་པ་དེས་ང་ཚོའི་སྒེར་གྱི་གནས་ཚུལ་དང་བདེ་འཇགས་རྣམས་ཤོར་འགྲོ་ཡི་ཡོད་པ་དེ་རྟག་ཏུ་དྲན་གསོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དྲ་རྒྱའི་བདེ་འཇགས་ཀྱི་ལྟ་ཚུལ་ནས་བཤད་ན། མི་སྒེར་སོ་སོར་ཡོང་སྲིད་པའི་ལྟ་ཞིབ་དང་། བཀག་སྡོམ། དེ་བཞིན་དམིགས་འབེན་དུ་བཟུང་བའི་དྲ་འབུ་བཅས་ལས་སྔོན་འགོག་ཆེད་དྲ་རྒྱའི་ཁྱབ་ཁོངས་ནང་དུ་ཧ་ཅང་གཟབ་གཟབ་གནང་དགོས།
ང་ཚོའི་འཕྲུལ་ཆས་ནང་སྒེར་གསང་དང་བདེ་འཇགས་ལ་བཀག་སྡོམ་དང་ལྟ་ཞིབ་མི་ཡོང་བའི་ཆེད། གཤམ་གྱི་གལ་ཆེན་ལག་ལེན་བཟང་ཤོས་འགའ་ལ་དོ་སྣང་བྱེད་དགོས།
༡། གལ་ཏེ་ངེས་པར་དུ་མི་དགོས་ཚེ་ཁྱེད་ཀྱི་སྒེར་གྱི་གནས་ཚུལ་མ་སྤྲོད། ཁྲིམས་མཐུན་གྱིས་མ་གཏོགས་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་མ་སྤྲོད་པ་ངེས་པར་བྱོས། དེའི་ནང་དུ་དྲ་རྒྱའི་སྡིངས་ཆ་གང་རུང་ལ་རང་མོས་ཀྱིས་སྒེར་གྱི་གནས་ཚུལ་མི་སྤྲོད་པའང་ཚུད་ཡོད། དུས་ཚོད་བཏོན་ནས་དྲ་རྒྱའི་སྡིངས་ཆའི་སྒེར་གསང་སྲིད་བྱུས་ཀློག་སྟེ་སྒེར་གྱི་གནས་ཚུལ་སྤྲོད་པ་ལ་ཉེན་ཁ་ཡོད་མེད་ངེས་གཏན་བཟོས།
༢། སྤྱི་ཚོགས་དྲ་ལམ་ཐོག་སྒེར་གྱི་གནས་ཚུལ་མ་འཇོག། སྤྱི་ཚོགས་བརྒྱུད་ལམ་གྱི་སྡིངས་ཆའི་སྟེང་དུ་སྒེར་གྱི་གནས་ཚུལ་འཇོག་མི་རུང་། གང་ཡིན་ཟེར་ན་གནས་ཚུལ་དེ་དག་དབང་འཛིན་པའི་སྲིད་གཞུང་གིས་ལྟ་ཞིབ་དང་འཇིགས་སྐུལ་བྱེད་པར་བེད་སྤྱོད་གཏོང་སྲིད།
༣། VPNs ཡང་ན་ Tor ལྟ་བུའི་བཀའ་འགོག་གཡོལ་ཐབས་ཡོ་བྱད་བེད་སྤྱོད་བྱེད་དགོས། ཡིད་ཆེས་འཕེར་བའི་ VPNs ཡང་ན་ Tor བེད་སྤྱོད་བྱས་ཏེ་ཁྱེད་རང་གི་སྒེར་གྱི་ངོ་བོ་སྦས་པ་དང་རྗེས་འདེད་གཏོང་ཐུབ་པའི་ནུས་པ་ཉུང་དུ་གཏོང་དགོས། ཡོ་བྱད་འདི་དག་གིས་དབང་འཛིན་པ་ཚོས་ཁྱེད་ཀྱི་འབྲེལ་གཏུག་ལ་ལྟ་སྐུལ་བྱེད་པ་ལས་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་ཐུབ།
༤། ཁྱེད་ཀྱི་གློག་ཀླད་རྣམས་བདེ་འཇགས་ངང་ཉར་ཚགས་བྱོས། གསང་ཚིག་མཁྲེགས་པོ་བེད་སྤྱོད་བྱེད་པ་དང་། རིམ་པ་གཉིས་ཀྱི་ར་སྤྲོད་ (2FA) སྤྱོད་པ། གནོད་འཚེ་ཅན་གྱི་མཉེན་ཆས་མེད་པ་བཟོ་མཁན་གྱི་མཉེན་ཆས་འཇུག་སྒྲིག་བྱེད་པ་བཅས་ཀྱིས་ཁྱེད་ཀྱི་སྒྲིག་ཆས་རྣམས་ཆོག་མཆན་མེད་པར་ལྟ་སྤྱོད་བྱེད་པ་ལས་སྲུང་སྐྱོབ་བྱེད་དགོས།
༥། མ་སྒུག་པར་གསར་སྣོན་བྱོས། ཁྱེད་ཀྱི་གློག་ཀླད་ཀྱི་མཉེན་ཆས་/བཀོལ་སྤྱོད་མ་ལག་རྣམས་རྒྱུན་དུ་ཐོན་གསར་ཤོས་སུ་གསར་སྣོན་བྱེད་དགོས། དེས་བཙན་དབང་ངམ་ཡང་ན་འཆར་གཞི་མེད་པར་བཅུག་པའི་སོ་མྱུལ་མཉེན་ཆས་དང་གནོད་འཚེ་ཅན་གྱི་མཉེན་ཆས་ལས་སྲུང་སྐྱོབ་བྱེད་ཀྱིས་ཡོད།
༦། གློག་འཕྲིན་དང་འབྲེལ་ཐག་ལ་གཟབ་གཟབ་བྱོས། དྲྭ་བསླུ་དར་ཁྱབ་ལས་སྔོན་འགོག་བྱེད་པའི་ཆེད་དུ་དོགས་ཟོན་ཆེ་བའི་འབྲེལ་ཐག་གནོན་རྒྱུ་དང་། ཡང་ན་ཁུངས་ལྡན་མ་ཡིན་པ་ལས་ཕབ་ལེན་བྱེད་རྒྱུ་སྤོང་དགོས།
“Technology is a useful servant but a dangerous master.”
~ Christian Lous Lange
In the rampant age of diverse national interests compounded with exceeding technological revolutions, the communist regime of China has become a forefront in exploiting digital technologies to control, monitor and suppress the rights of its citizens and ethnic minorities. Sophisticated censorship and surveillance tactics have become a bread and butter for the CCP to protect its geopolitical agenda and enhance its digital authoritarian endeavors.
Back in 2012, the Standing Committee of the National People’s Congress (NPC) of China adopted the decision to promote the ‘Real name registration system’ as a national initiative to “strengthen the protection of internet information”. Under this system, Internet service and content providers in China are required to collect user’s real names, ID numbers, and other information when providing internet services. Fast forward to 2017, the Cyberspace Administration of China effectively imposed the real name registration system under China’s new Cybersecurity Law on all internet services in China. This law has strategically wiped out the online anonymity of internet users, while simultaneously granting the government an upper hand to monitor, control and suppress them. Although the internet for all the right reasons, has globally evolved into a privacy friendly space, such laws limit the freedom of its users and service providers in China out of fear of reprisals.
On 26th July 2024, China under its Ministry of Public Security (MPS) and Cyberspace Administration of China (CAC) proposed a nationwide roll out of digital IDs. Under the pretext to “Strengthen the protection of personal information”, this draft provision claims to prevent misuse of pre-existing real-name registration systems by internet platforms and other commercial entities to curb privacy concerns and risk of potential data leaks. This new Digital ID system claims to be a voluntary program for its users which adds another layer of online identity by replacing their real names and phone numbers used for registration on internet platforms. This draft provision was open for public comment and feedback until 25th August, 2024. Those individuals who wish to obtain a digital ID early can apply through the National Web Identification Pilot Version app, which is developed by the Ministry of Public Security (MPS). As per the report by Ciaxing Global, a Chinese media group based in Beijing, the registration process requires verification of identity documents based on a national ID card matched against their facial biometric data. Once a mobile phone audit is completed and a password has been created, an online number and a digital certificate will be issued. For the initial roll out and feedback phase, users can try out the digital ID on 81 apps which consists of 10 public service platforms and 71 commercial apps. Some of the popular Chinese apps available for digital ID tests are WeChat, online shopping service Taobao and online recruitment platform Zhaopin.
Despite the government’s claim of pushing Digital IDs to protect the personal data of internet users from commercial entities, many experts don’t agree with the narrative. Academicians, researchers and lawyers believe that the claim of this digital ID program is a facade used by the government to regain more rigid and centralized control of individual or collective expressions online. Lao Dongyan, a criminal law professor at Tsinghua University, wrote on Weibo that the proposed system is similar to “installing a monitor for everyone’s online behavior, with all online traces such as one’s internet search history easily collected.” Her Weibo account has been banned eversince her criticism against the digital ID system. Wang Cailiang, a lawyer from Beijing posted on Weibo, “My opinion is short: I am not in favor of this. Please leave a little room for citizens’ privacy.” Jeremy Daum, a senior fellow at the Yale Law School Paul Tsai China Center said Chinese people would be more cautious of such a system following similar use of health codes which was an online identification system used by the government during the pandemic, to record and control citizens’ movement in order to contain the virus.
On a societal and national level, this new digital ID program is yet another addition to China’s pre-existing use of technology and biometric surveillance against their citizens and oppressed minorities including Uyghurs and Tibetans. In times where the global market’s focus towards user privacy and security in technology sectors are on the rise, such vague digital IDs could pose huge challenges for Chinese technological entities to collaborate with the global technological market and align with pre-existing international security standards. It is very crucial to remember that using such free and popular internet services always comes at the cost of our personal data and security. From a cybersecurity perspective, individuals should exercise great caution in the digital sphere to prevent and mitigate potential surveillance, censorship, and other targeted cyber attacks.
To maintain privacy and security on our devices in the face of intense censorship and surveillance, here are some important best practices:
1. Don’t share your personal data if you don’t have to: Ensure not to give up your personal details unless it is legally necessary which include not engaging voluntary submission of your personal data for any internet platforms. Always take the time to read Privacy Policies of internet platforms to ascertain potential threats in giving up your personal data.
2. Don’t Put Personal Information on Social Media: Avoid sharing personal information on social media platforms, as this can be used for surveillance and intimidation by authoritarian regimes.
3. Use Circumvention Tools such as VPNs or Tor: Hide your personal identity and reduce traceability by using reliable and trustworthy VPNs or Tor. These tools help protect your communications from being monitored by authorities.
4. Keep Your Devices Secure: Use strong passwords and enable two-factor authentication (2FA) to protect your devices and online accounts from unauthorized access.
5. Don’t Wait, Update: Regularly update your device software/OS to the latest version. This protects against outdated spywares and malwares that may be installed forcefully or accidentally.
6. Be Cautious with Emails and Links: Avoid clicking on suspicious links or downloading attachments from unknown sources to prevent phishing attacks.