Sysniverse ནི་རྒྱལ་ཁབ་200ལས་བརྒལ་བའི་ཁེ་ལས་ཀྱི་ཉོ་མཁན་ཕལ་ཆེར་1250ཡོད་པའི་གློག་འཕྲིན་ཀུང་སི་ཞིག་ཡིན་ཞིང་། དེའི་ནང་རང་འགུལ་འཕྲུལ་འཁོར་དང་། Verizon, T-Mobile, Vodafon, China Mobile, Airtel, Telefónica, América Móvil སོགས་འཛམ་གླིང་ཐོག་གི་སྒུལ་བདེའི་གཞི་རྟེན་ཆེས་མང་ཆེ་བ་ཚུད་ཡོད། ཀུང་སིས་སྒུལ་བདེའི་སྐྱེལ་འདྲེན་བྱེད་འགན་འཁུར་མཁན་མི་འདྲ་བའི་དྲ་རྒྱ་སྦྲེལ་མཐུད་བྱེད་པར་སྤྱོད་པའི་ཞབས་ཞུ་མཁོ་འདོན་བྱས་ནས་དེའི་བར་གྱི་གཞི་གྲངས་བརྒྱུད་སྤྲོད་བྱེདཔ་དང། དེའི་རྐྱེན་གྱིས་ཉིན་ལྟར་ཉོ་ཚོང་དང་། གླེང་མོལ། འབྲེལ་གཏུག་བཅས་དུང་ཕྱུར་བཅུ་ཕྲག་ཁ་ཤས་ syniverse རྒྱུད་བྱེད་པ་རེད།
Sysniverse ཅེས་པ་འདི་་ཉོ་ཚོང་བྱེད་པའི་ཀུང་སི་ཞིག་ཏུ་མ་གྱུར་གོང་ལ་གཏན་འབེབས་ལྟར་”SEC Filing” ཐ་འགོད་སྙན་སེང་ཞུས་པ་དང། ཐོ་འགོད་སྙན་སེང་ཞུ་བའི་ཁྲོད་ཀུང་སིས་2021ལོའི་ཟླ་5པར་ Data Breach གཞི་གྲངས་དང་འགལ་བའི་བྱ་སྤྱོད་ཤེས་རྟོགས་བྱུང་བ་རེད། གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་མེད་པའི་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་ཞིག་གིས་2016ལོའི་ཟླ་5པ་ནས་བཟུང་རང་མཚམས་ཀྱིས་དེའི་སྐྱེ་ཁམས་མ་ལག་ནང་ཞུགས་པ་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་གྱིས་དྲ་རྒྱའི་ནང་དུ་ལོ་5ཡི་ Database གཞི་གྲངས་མཛོད་ནང་སླེབས་ཏེ། འཛམ་གླིང་ཡོངས་ཀྱི་ཚོང་འགྲུལ་པས་ཕྲ་ཕུང་སྦྲེལ་མཐུད་དང་ཞབས་ཞུའི་སྒྲིག་བཀོད་བརྒྱུད་ནས་གླེང་མོལ་སོགས་ལ་འདྲི་རྩད་བྱེད་ཡོད་པ་རེད།
འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་མི་ཤེས་པའི་གནས་ཚུལ་དེ་སྤྱི་དམངས་ཀྱི་ཁྲོད་དུ་ཐོན་རྗེས། sysniverse ཀུང་སིས་དྲ་རྒྱའི་བདེ་འཇགས་གསར་འགྱུར་དང་དབྱེ་ཞིབ་བྱ་ཡུལ་གྱི་བདེ་འཇགས་གཟའ་འཁོར་ལ་རྗེས་མཐུད་ཀྱི་གསལ་བསྒྲགས་སྤེལ་བ་རེད། གསལ་བསྒྲགས་དེའི་ནང་དུ་ཁོང་ཚོས་”EDT ( Electronic Data Transfer ) (གློག་རྡུལ་གཞི་གྲངས་སྤོ་སྒྱུར་) ཚོང་འགྲུལ་པ་ཚང་མར་དོན་རྐྱེན་དེའི་ཤུགས་རྐྱེན་མི་ཐེབས་པའི་དབང་དུ་བཏང་ནའང་། EDT(གློག་རྡུལ་གཞི་གྲངས་སྤོ་སྒྱུར་) ཚང་མར་རང་ཉིད་ཀྱི་དཔང་ཡིག་སླར་གསོ་བྱས་པའམ་ཡང་ན་འགུལ་སྐྱོད་མི་བྱེད་པའི་དབང་དུ་བཏང་ན། ང་ཚོས་་ཐད་ཀར་ཚོང་འགྲུལ་པ་རྣམས་ལ་དོན་དག་འདི་བསྒྲགས་བྱས་ཏེ་ཁ་གསབ་ཀྱི་བྱ་སྤྱོད་སྤེལ་མི་དགོས་པའི་འཇུག་བསྡུ།
དེར་བརྟེན་རང་མཚམས་ཀྱིས་གློག་འཕྲིན་ཀུང་སི་ཆེ་ཤོས་ཀྱི་ཚོང་འགྲུལ་གྱི་གཞི་གྲངས་གསོག་འཇོག་བྱས་པ་དེས་འཛམ་གླིང་ཡོངས་ཀྱི་ཚོང་འགྲུལ་པའི་གསང་དོན་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཧ་ཅང་གསལ་པོ་རེད། ལག་རྩལ་ཐད་ཀྱི་རྟོག་གེ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ། དཔལ་འབྱོར་དང་ཆབ་སྲིད་སོགས་རྒྱུ་རྐྱེན་མང་པའི་དབང་གིསའཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་མང་པོ་ཡོང་གི་ཡོད་པ་དང་ ཁོ་ཚོའི་ཞབས་ཞུ་སྒྲིག་འཛུགས་ཇི་ལྟར་བྱས་པའམ་ཡང་ན་ཁོ་ཚོའི་བདེ་འཇགས་མ་ལག་ཇི་ལྟར་བཀོད་སྒྲིག་བྱས་ཡོད་ནའང་འདྲ། ང་ཚོའི་ལག་རྩལ་ཐད་ཀྱི་སྐྱོན་ཆ་དེ་ཀླད་ཀོར་དུ་ཆག་པ་དང་། མིའི་ནོར་འཁྲུལ་འབྱུང་ངེས་ཡིན་པས། ལག་རྩལ་གང་ཞིག་ཡིན་རུང་འབྱུང་འགྱུར་གྱི་འོས་མེད་འགྲིག་ཐབས་ལས་རྦད་དེ་བདེ་འཇགས་ཡོང་མི་སྲིད་པ།
སྒེར་གྱི་གསང་དོན་དང་བདེ་འཇགས་ནི་ང་ཚོས་ལག་རྩལ་དུས་རབས་ཀྱི་ཆེས་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱས་པའི་རྐྱེན་གྱིས་ང་ཚོས་end-to-end encryption technology འཕྲིན་གཏོང་སྟེགས་བུ་དེ་བས་བདེ་འཇགས་ཀྱི་བསལ་འདེམས་སུ་བསྒྱུར་དགོས་སྙམ། གལ་ཏེ་ང་ཚོས་ད་དུང་གཞི་རྩའི་ཕྲ་ཕུང་Basic Cellular Communication Methods གི་འཕྲིན་གཏོང་བྱེད་ཐབས་ལ་རྒྱུན་ཆད་མེད་པར་བརྟེན་ན། དེ་ནི་ང་ཚོ་རང་ཉིད་ཀྱི་གསང་དོན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་རེད། དེ་བས་ Signal, Wire, WhatsApp སོགས་བདེ་འཇགས་ཀྱི་ཉེར་སྤྱོད་གོ་རིམ་ཁྲོད་ནས་འབྲེལ་འདྲིས་བྱེད་པར་བདམས་ཏེ་ང་ཚོའི་མ་གནས་གྲོན་ཆུང་བྱས་པ་མ་ཟད། དེ་བས་ཀྱང་ང་ཚོར་སྔོན་ཆད་ end-to-end encryption technology དང་འདྲ་བར་སྲོལ་རྒྱུན་གྱི་ཕྲ་ཕུང་འཕྲིན་གཏོང་སྟེགས་བུའི་གསང་དོན་དང་བདེ་འཇགས་བསྐྲུན་མི་ཐུབ།