Publish on 2022-05-01

སྤྱི་ཚོགས་དྲྭ་རྒྱའི་དུས་རབས་ཀྱི་ལོག་བཤད་དང་དཀྲོག་གཏམ།

Read in English

དུས་རབས་ཉེར་གཅིག་པའི་དུས་སྐབས་སུ་ང་ཚོ་མི་སྒེར་དང་ཆེད་ལས་འཚོ་བའི་ཁྲོད་དུ་དྲྭ་རྒྱས་ཁ་ལོ་སྒྱུར་བའི་གནས་བབ་སྣང་མེད་དུ་གཏོང་མི་རུང་། འདི་ནི་མཛུབ་མོ་གནོན་ཐེངས་གཅིག་གིས་འཛམ་གླིང་གི་མི་རྣམས་ཀྱིས་དངོས་དོན་དང་། ལྟ་ཚུལ། བསམ་འཆར། འདུ་ཤེས་འཛིན་སྟངས་བཅས་བརྗེ་རེས་བྱེད་ཐུབ་པའི་ཆ་འཕྲིན་གྱི་དུས་རབས་ཤིག་རེད། མི་རྣམས་ཀྱིས་བསམ་འཆར་དང་བསམ་བློའི་འདུ་ཤེས་ཕན་ཚུན་ངོ་ཐུག་གདོང་འཕྲད་ཀྱིས་བརྗེ་རེས་བྱེད་སྐབས། དུས་རྒྱུན་དུ་ཁོ་ཚོས་གཅིག་གི་གཅིག་ལ་ཕན་ཚུན་དེ་བས་གཟབ་ནན་དང་བརྩི་འཇོག་བྱེད་ཀྱི་ཡོད།  དྲྭ་སྦྲེལ་གྱིས་ཕྱོགས་ཁ་ཤས་ནས་མིང་མི་འགོད་པའི་འདུ་ཤེས་ནོར་འཁྲུལ་ཅན་གྱི་ལོག་ལམ་དུ་ཁྲིད་དེ། མཐར་མི་རྣམས་ཀྱིས་དྲ་ཐོག་ཏུ་གནས་ཚུལ་གང་རུང་ཞིག་ཁྱབ་བསྒྲགས་བྱས་པས། མི་གཞན་གྱི་འཆར་སྒོ་ལ་ཕོག་ཐུག་བཏང་བ་མ་ཟད། གནས་ཚུལ་ལམ་གསར་འགྱུར་རྫུན་མའི་སྦུབས་ལམ་ཞིག་ཏུ་གྱུར་པ་རེད། ཁ་ཤས་ཀྱིས་བསམ་བཞིན་དུ་བྱ་བ་འདི་སྒྲུབ་པ་དང་དུས་མཚུངས་ལ་ལས་ཀྱིས་གོ་མེད་ཚོར་མེད་ངང་སྒྲུབ་བཞིན་ཡོད།

ལོག་བཤད་དང་དཀྲོག་གཏམ་སྒྲོག་པ་ནི་ཚད་ལས་བརྒལ་བའི་ལོ་རབས་འདིའི་མུན་ནག་གི་ཕྱོགས་གཉིས་ཡིན། གསར་འགྱུར་རྫུན་མ་ཞེས་པའི་རྒྱུན་སྤྱོད་ཀྱི་ཐ་སྙད་ཅིག་ཡོད། གསར་འགྱུར་རྫུན་མའི་གཞི་རྩའི་སྒལ་ཚིགས་ལྟ་བུ་ནི་འཁྱོག་བཤད་དང་ལོག་བསྒྲགས་བྱེད་པ་བཅས་ཡིན། ལོག་བཤད་ཅེས་པ་ནི་བདེན་པ་ཡིན་མིན་ཞིབ་བརྩད་མེད་པར་གསར་འགྱུར་རྫུན་བཟོ་དང་བརྒྱུད་སྤེལ་མཉམ་སྤྱོད་བྱེད་པ་ལ་ཟེར། དེ་དག་མང་ཕལ་ཆེ་བ་གོ་རྟོགས་དང་ཤེས་ཡོན་གྱི་མ་འདང་བ། གོ་ནོར་ཐེབས་པ། བསམ་བློ་གཟབ་ནན་མ་བཏང་བར་བརྒྱུད་སྤེལ་མཉམ་སྤྱོད་བྱེད་པའི་རྐྱེན་གྱིས་རེད། ལོག་བཤད་ལས་ལྡོག་པའི་དཀྲོག་གཏམ་ཞེས་པ་ནི་བསམ་བཞིན་དུ་ནང་དོན་རྫུན་མའམ་ཡང་ན་གནས་ཚུལ་རྫུན་བཟོས་ཀྱིས་མི་སྒེར་དང་སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་འཚེ་གཏོང་བ་ལ་ཟེར། ལོག་བཤད་པས་སྐབས་དོན་དང་འབྲེལ་བ་མེད་པའི་རྒྱབ་ལྗོངས་གནས་ཚུལ་འོག་གནས་ཚུལ་ངོ་མའི་ཆ་ཤས་མཉམ་བསྲེས་ཀྱིས་མི་མང་པོའི་མགོ་བོ་རྨོངས་སུ་འཇུག་པ་དང་བློ་ཡིད་འགུག་ཐབས་བྱེད་བཞིན་ཡོད། འདི་དག་ཕལ་ཆེར་རྒྱལ་ཁབ་ཀྱིས་གཙོ་གཉེར་བྱས་པའི་ཆ་འཕྲིན་ནམ་ཡང་ན་མི་སྒེར་གྱིས་ཆབ་སྲིད་དང་། ཆོས་ལུགས། དཔལ་འབྱོར། ལག་རྩལ། ནད་རིགས་སོགས་དང་འབྲེལ་བ་ཡོད་པའི་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་ལ་ངོ་རྒོལ་བྱེད་པའི་རྐྱེན་གྱིས་རེད། དེའི་དཔེ་མཚོན་གསལ་ཤོས་ཤིག་ནི་”༥༠ སེནྚ་དམག་དཔུང་ (50 Cent Army)”ཞེས་པ་དེ་ཡིན་ཞིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱབ་སྐྱོར་ཡོད་པའི་དྲྭ་སྦྲེལ་དཔྱད་གཏམ་པའི་སྡེ་ཚན་གཅིག་ཡིན་ཞིང་། དེའི་ནང་དྲ་སྤྱོད་ཚོགས་མི་མི་གྲངས་འབུམ་ ༥ ནས་ ༢༠ བར་ཟིན་ཡོད། འདིར་བཤད་པའི་”ཝུའུ་མའོ་“ཡང་ན་(ཀྲུང་གོའི་དམག་དཔུང་གི་ ༥༠ སེནྚ”)ཞེས་པའི་ཐ་སྙད་འདིའི་འབྱུང་རྩ་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་དེའི་ཚོགས་མི་རྣམས་ཀྱིས་སྤེལ་བའི་གནས་ཚུལ་གྱི་ནང་དོན་ལ་བདེན་ཆ་གང་རུང་ཡོད་མེད་ལ་མ་བལྟོས་པར་ཀྲུང་གོའི་དངུལ་ལོར་་”སེནྚ་ ༥༠ ་”སྤྲོད་དགོས་ཀྱི་ཡོད། ཁྱོན་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། དཀྲོག་གཏམ་ཆེད་བཟོ་བའི་ལས་འགུལ་པ་དེ་ཚོའི་ནང་ནས་མི་ཉུང་བ་ཞིག་གིས་དཀྲོག་གཏམ་ནང་གི་བདེན་ཆ་གཙོ་བོ་ཁ་ཤས་ལ་བརྟེན་ནས་ཞིབ་འཇུག་མ་བྱས་པའི་གསར་འགྱུར་རྫུན་མ་བེད་སྤྱོད་ཀྱིས་དྲ་སྤྱོད་པ་སྔར་ལས་མང་བའི་བློ་ཡིད་འགུག་ཐབས་བྱེད་བཞིན་ཡོད། དེར་བརྟེན་ཕྱོགས་ཁ་ཤས་བལྟས་ནས་ལོག་བཤད་ཀྱི་གནས་ཚུལ་དེ་དག་དཀྲོག་གཏམ་ཆེད་བཟོ་བའི་ལས་འགུལ་ལེགས་འགྲུབ་བྱུང་བ་ལས་བྱུང་བ་ཞིག་ཡིན་པ་ཧ་ཅང་གསལ་པོར་མཐོང་ཐུབ།

དེང་སང་ང་ཚོའི་སྤྱི་ཚོགས་སུ་ལོག་བཤད་དང་དཀྲོག་གཏམ་ཁྱབ་སྤེལ་དེ་དག་དེ་སྔོན་ལས་ལས་སླ་བ་གྱུར་ཡོད་ཅིང་། གནས་ཚུལ་གང་དེའི་མཚན་སྙན་དང་ཁྲིམས་མཐུན་རང་བཞིན་ལ་བལྟོས་མེད་ཐོག་གནས་ཚུལ་གང་རུང་ཁྱབ་སྤྱེལ་བྱེད་པར་མི་ཞིག་ལ་གློག་ཀླད་དམ་ལག་ཐོགས་ཁ་པར་དང་། དྲྭ་སྦྲེལ་འབྲེལ་མཐུད། སྤྱི་ཚོགས་དྲྭ་མིང་བཅས་ཡོད་དགོས།

གནས་ཚུལ་ངོ་མར་འཁྱོག་བཤད་བྱེད་པའི་བྱ་སྤྱོད་ལ་རྣམ་པ་མི་འདྲ་བ་འདི་ལྟ་སྟེ།

  • དངོས་དོན་ལ་འཁྱོག་བཤད་དང་ལོག་བཤད་བྱེད་པ།
  • བཙན་སྐུལ་དང་བསྒྱུར་བཅོས་བཏང་བའི་ནང་དོན།
  • མི་བདེན་རྫུན་སྒྲིག་བྱས་པའི་ནང་དོན་སོགས་ཚུད་ཡོད།

སྤྱི་ཚོགས་དྲྭ་ལམ་ཀྱི་གླེང་སྟེགས་སྐད་འཕྲིན་དང་། ངོ་དེབ། Instagram  ཊེ་ཝི་ཊར་དང་ཡུ་ཊུབ་སོགས་ཀྱིས་མི་ཚང་མར་ང་ཚོས་བསམ་ཚོད་བྱས་པ་ལས་མགྱོགས་པའི་སྒོ་ནས་གནས་ཚུལ་བརྒྱུད་སྤེལ་མཉམ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་ཡོད་པས་དེ་དག་གསར་འགྱུར་རྫུན་མའི་གླེངས་སྟེགས་སུ་གྱུར་ཡོད། མི་ཁ་ཤས་ཀྱིས་བདེན་དོན་གྱི་རང་བཞིན་ལ་མི་བལྟོས་པར་ཆ་འཕྲིན་གནས་ཚུལ་བརྒྱུད་བསྐུར་མཉམ་སྤྱོད་བྱེད་ཀྱི་ཡོད། གང་ལ་ཟེར་ན། དེས་ཁོ་ཚོར་སྤོབས་སེམས་སྐྱེ་རུ་འཇུག་གི་ཡོད། ཡང་མི་གཞན་གྱིས་རྩེད་མོའི་ཚུལ་དང་ཡང་ན་རང་ཉིད་གནས་ཚུལ་གང་དེ་ཉིད་བརྒྱུད་བསྐུར་མཉམ་སྤྱོད་བྱེད་མི་ཆེས་མགྱོགས་ཤོས་སུ་འགྱུར་བར་འདོད་ནས་བརྒྱུད་སྤེལ་མཉམ་སྤྱོད་བྱེད་བཞིན་ཡོད། མི་ཁ་ཤས་སམ་ཡང་ན་མི་ཁག་གཅིག་གིས་གསར་འགྱུར་རྫུན་མ་དེ་རིགས་ཁྱབ་སྤེལ་མཉམ་སྤྱོད་བྱེད་དོན་ནི་ཁོང་ཚོའི་ཆབ་སྲིད་དང་། བསམ་བློ། ཚོང་ལས་བཅས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་ཀྱི་ཡོད་རྐྱེན་ཡིན། མི་རྣམས་ཀྱིས་ཆ་འཕྲིན་གནས་ཚུལ་དེ་རིགས་ཁྱབ་སྤེལ་བྱེད་པར་ཞིབ་བཤེར་མ་བྱས་པའི་རྒྱུ་རྐྱེན་གཞན་ཞིག་ནི་ནང་དོན་དེ་ཉིད་ཀྱི་རང་བཞིན་ནམ་ངོ་བོའི་རྐྱེན་གྱིས་ཡིན། དྲག་ཤུགས་དང་མི་རྣམས་ཧ་ལས་དགོས་པའི་ནང་དོན་གྱིས་མི་སེར་དཀྱུས་མ་མང་པོར་མགྱོགས་མྱུར་ངང་བརྒྱུད་སྤེལ་མཉམ་སྤྱོད་བྱེད་དུ་འཇུག་པ་དང་། མི་གཞན་ལའང་དེའི་མཇུག་འབྲས་ཤེས་སུ་འཇུག་དགོས་པར་མ་ཟད། དེར་དགག་སྒྲུབ་དང་འབྲེལ་བའི་ཀུན་སྤྱོད་ཀྱི་ལངས་ཕྱོགས་ཀྱང་འདོན་དུ་འཇུག་དགོས། རྒྱལ་ཁབ་ཅིག་གི་ད་ལྟའི་སྲིད་དབང་དང་སྲིད་དབང་ལ་གཞིགས་ནས་སྤྱི་ཚོགས་ཀྱི་བརྒྱུད་ལམ་མཚམས་སྦྱོར་ལས་ཁུངས་ལ་ཁྲིམས་སྒྲིག་ངེས་ཅན་ཞིག་བཙན་འགེལ་བྱས་ཏེ་ནང་དོན་གང་དག་དང་ལེན་བྱེད་ཐུབ་མིན་བརྗོད་དགོས། སྤྱི་ཚོགས་ཀྱི་དྲྭ་ལམ་གླེང་སྟེགས་ལ་ཚོད་འཛིན་བྱས་པ་དེས་དབང་འཛིན་ལས་ཁུངས་ཀྱིས་དྲྭ་སྦྲེལ་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་ནས་འཛམ་གླིང་གི་ས་ཁུལ་གཞན་དག་ཏུ་ཆ་འཕྲིན་གནས་ཚུལ་འཁོར་རྒྱུག་བྱེད་པར་བཀག་འགོག་བྱེད་པར་ཕན་ཐོགས་ཡོད།  ཕྱོགས་ཁ་ཤས་ནས་དབང་སྒྱུར་སྲིད་གཞུང་གིས་རྒྱུ་མཚན་གང་ཡིན་ལ་མ་བལྟོས་པར་ཆ་འཕྲིན་གནས་ཚུལ་ཞིབ་བཤེར་འདི་རིགས་ཀྱིས་ཀྱང་དེའི་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་སྟེ། དཔེར་ན། དྲྭ་རྒྱའི་རང་དབང་གི་ཁེ་དབང་ཁས་མི་ལེན་པ་ཞིག་རེད།

ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་སྒྲོམ་གཞིའི་ནང་དང་། ལྷག་པར་དུ་འོས་བསྡུ་ཆེན་མོའི་སྐབས་སུ་འོས་མི་ཞིག་ལ་ཆབ་སྲིད་དང་བསམ་བློའི་ཐོག་ནས་ཤུགས་རྐྱེན་མི་འདྲ་བ་འབྱུང་སྲིད། ཕྱོགས་འགལ་དེ་དག་ཁ་དགྱེས་པ་དང་ཆ་འཕྲིན་གནས་ཚུལ་རྫུན་མའི་བརྒྱུད་རིམ་ཁྲོད་དུ་དེའི་རྣམ་པ་སྤྱད་དེ་མཇུག་མཐར་སྤྱི་ཚོགས་ནང་ཟིང་ཆ་དང་ཟང་ཟིང་བཟོ་ཡི་ཡོད། དེར་བརྟེན་ཕྱོགས་ཁ་ཤས་ནས་ནོར་འཁྲུལ་གྱི་ཆ་འཕྲིན་གནས་ཚུལ་དེ་དཀྲོག་གཏམ་ཆེད་བཟོ་བའི་ལས་འགུལ་ལེགས་འགྲུབ་བྱུང་བ་ལས་བྱུང་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན།  སྤྱི་ཚོགས་ཀྱི་དྲྭ་ལམ་གླེང་སྟེགས་དེ་མཐའ་འཁོར་གྱི་གསར་འགྱུར་རྫུན་མའི་འཕེལ་ཕྱོགས་དེ་རིགས་གཞིར་བཟུང་ནས་འགལ་ཟླར་གྱུར་པའི་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སར་གྱུར་པ་རེད།  ང་ཚོས་ད་དུང་ང་ཚོའི་སྤྱི་ཚོགས་དང་འཛམ་གླིང་ཡོངས་ལ་ལོག་བཤད་དང་དཀྲོག་གཏམ་བཟོས་པའི་འཇིགས་སྣང་དང་ངེས་གཏན་མེད་པའི་རང་བཞིན་མཐོང་ཐུབ། ཏོག་དབྱིབས་གཉན་རིམས་ ༡༩ དང་། དེའི་ནུས་པ་དང་བཅོས་ཐབས་སྐོར་གྱི་གསར་འགྱུར་རྫུན་མ་དག་དྲྭ་ལམ་དུ་ཤུགས་ཆེན་ཁྱབ་འཕེལ་ཕྱིན་ཡོད། ཏོག་ནད་ ༡༩ ཡི་རིམས་འགོག་སྨན་ཁབ་དང་། རྒྱུད་འགྱུར་གསར་པ། ཏོག་ནད་བརྟག་དཔྱད་དང་ཟུར་བཀག་སྒྲིག་གཞི་བཅས་དེ་སྔ་བྱུང་ཟིན་པའི་གསར་འགྱུར་རྫུན་མ་དེ་དག་གི་མཇུག་འབྲས་ངན་པ་ང་ཚོས་མི་སྒེར་གྱི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ནུས་པ་ལྡན་པའི་ནད་འབུ་ལ་གདོང་ལེན་བྱེད་བཞིན་པའི་སྐབས་བྱུང་ཡོད།

དྲྭ་ལམ་བདེ་འཇགས་དང་གསང་རྒྱའི་ཕྱོགས་ནས་བལྟས་ན། གསར་འགྱུར་རྫུན་མ་དང་སྤྱི་ཚོགས་ཀྱི་དྲྭ་མིང་རྫུན་མས་ང་ཚོའི་མཉེན་ཆས་ཀྱི་བདེ་འཇགས་དང་གསང་བའི་ཆུ་ཚད་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། དྲྭ་མིང་རྫུན་མ་བཟོས་ནས་”ངོས་འཛིན་རྐུ་ཁྱེར་”བྱེད་ཐབས་སུ་གྱུར་པའི་རྐྱེན་གྱིས་གསང་བའི་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད། ང་ཚོས་སྤྱི་ཚོགས་དྲྭ་ལམ་དུ་ཉར་ཚགས་བྱས་པའི་མི་སྒེར་གྱི་ཆ་འཕྲིན་གནས་ཚུལ་དེ་རྒྱ་ཆེའི་མང་ཚོགས་ཀྱིས་ཐུན་མོང་ཐོག་”ཡོངས་བསྒྲགས་གཞི་གྲངས་Open-source Data”ཞེས་འབོད་ཆོག།  ང་ཚོས་སྤྱི་ཚོགས་དྲྭ་ལམ་དུ་བཞག་པའི་ཡོངས་བསྒྲགས་ཀྱི་གཞི་གྲངས་Open-source data ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོ་མི་སྒེར་གྱི་ཆ་འཕྲིན་གནས་ཚུལ་གང་བྱུང་དུ་སྤྱོད་པའི་རྒྱུས་མེད་མི་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་མཁན་ལ་གནོད་འཚེ་ཐེབས་སླ་བ་ཡོད། སྤྱི་ཚོགས་དྲྭ་ལམ་གླེང་སྟེགས་ནི་རྩིས་རྒྱག་ཐབས་ལམ་སྤྱད་དེ་སྟེགས་བུའི་ཐོག་རང་ཉིད་ཀྱི་གཞི་གྲངས་ཀྱི་རྗེས་བཤུལ་འཚོལ་སྡུད་བྱས་པ་བརྒྱུད་དེ་སྤྱོད་མཁན་གྱི་བྱ་སྤྱོད་དང་། དགའ་ཕྱོགས། མི་འབོར་གྱི་གཞི་གྲངས་བཅས་གཏན་འཁེལ་བྱ་རྒྱུ་དཔེར་ན། སྟེགས་བུའི་སྟེང་གི་བརྒྱུད་སྤེལ་གནས་ཚུལ་དང་། དགའ་རྟགས། ཞབས་མཆན། དང་ལེན་དང་འཚོལ་བཤེར་བཅས་ཀྱི་ནང་དོན་ལྟ་བུ་ཡིན།

སྤྱི་ཚོགས་དྲྭ་ལམ་ལག་རྩལ་མི་སྣས་རང་གི་ཞབས་ཞུ་བཀོལ་སྤྱོད་བྱེད་མཁན་ཅུང་མང་བའི་སྐབས་སུ་ཁེ་བཟང་རག་ཐབས་བྱེད་པ་མ་ཟད། མི་དེ་དག་གིས་དེའི་སྟེང་གཏོང་བའི་དུས་ཚོད་ནི་སྟེགས་བུ་གཞན་དག་ལས་ཀྱང་མང་བ་རེད། ལག་རྩལ་མི་སྣ་འདི་དག་གིས་རང་གི་སྟེགས་བུའི་སྟེང་སྤྱོད་མཁན་གྱི་འཛུལ་ཞུགས་དུས་ཚོད་རྒྱུན་འཁྱོངས་དང་ཇེ་མང་དུ་གཏོང་ཆེད། བེད་སྤྱོད་བྱེད་མཁན་ལ་”རེ་བ་”རྒྱུན་ཆད་མེད་པར་མཚམས་སྦྱོར་བྱེད་པའི་རྩིས་རྒྱག་ཐབས་ལམ་གཏན་ཁེལ་བྱས་ཡོད། ནང་དོན་འོས་སྦྱོར་གྱི་ཁྱད་ཆོས་འདིའི་རིགས་ཀྱིས་མི་སྒེར་གྱི་དམིགས་བསལ་གྱི་དད་མོས་དང་། བསམ་བློའི་འདུ་ཤེས། ཕྱོགས་ལྷུང་བཅས་སྔར་ལས་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད། སྤྱི་ཚོགས་དྲྭ་ལམ་གླེང་སྟེགས་ཀྱིས་དེའི་གོམས་ལོབས་སུ་གྱུར་བའི་རྩིས་རྒྱག་ཐབས་ལམ་དེ་ཉིད་རང་ཡིད་ཚིམས་པར་གྱུར་བའི་གསོ་སྤེལ་ར་བ་ཞིག་ཏུ་བརྩིས་ན། ལོག་བཤད་དམ་ཆ་འཕྲིན་གནས་ཚུལ་ནོར་འཁྲུལ་ཅན་དྲིལ་བསྒྲགས་བྱེད་པར་དཀའ་ལས་ཅི་ཡང་མེད་པས་དེས་ཚོད་དཔག་དཀའ་བའི་མཇུག་འབྲས་ཉེན་ཚབས་ཅན་དུ་མའི་སྣེ་འདྲེན་བྱེད་བཞིན་ཡོད། དེར་བརྟེན་དྲྭ་མིང་རྫུན་བཟོ་དང་། ལོག་བཤད་དམ་གནས་ཚུལ་རྫུན་བཟོ་དང་དཀྲོག་གཏམ་ཆེད་བཟོ་བྱེད་པ་བཅས་གློ་བུར་དུ་བྱུང་བའི་འཇིགས་སྐུལ་དེ་རིགས་ཐག་གཅོད་བྱེད་ཆེད། མི་སོ་སོས་དང་ཐོག་རང་ཉིད་ནས་འགོ་བཙུགས་ཏེ་བྱས་རྗེས་འཇོག་ཐུབ་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་བལྟས་ན་དཀྲོག་གཏམ་ཆེད་བཟོ་བྱེད་པའི་ལས་འགུལ་དེ་མི་སྒེར་རམ་ཐུན་མོང་གི་མངོན་འདོད་ཆེད་གནོད་སེམས་ཅན་གྱི་མི་ཉུང་ཤས་ཤིག་གིས་འགོ་འཛུགས་བྱེད་སྲིད་མོད། འོན་ཀྱང་ང་ཚོ་ལྟ་བུ་རྒྱ་ཆེའི་མང་ཚོགས་ཀྱིས་ཆ་འཕྲིན་གནས་ཚུལ་རྫུན་མ་དེ་རིགས་སྤྱི་ཚོགས་ཀྱི་མི་མང་མང་སར་སླེབས་མིན་ཐག་གཅོད་བྱེད་དགོས།

མི་སྒེར་གྱིས་ཞིབ་དཔྱད་མ་ཞུས་པའི་གསར་འགྱུར་རྫུན་མ་གང་རུང་བརྒྱུད་སྤེལ་མཉམ་སྤྱོད་མི་བྱེད་པར་སྤྱི་ཚོགས་དྲྭ་རྒྱ་ཅུང་གྲགས་ཆེ་བར་ལོག་བཤད་དང་དཀྲོག་གཏམ་ཆེད་བཟོ་བྱེད་པའི་འབྲེལ་ཐག་མེད་པར་བཟོ་བར་ཞབས་འདེགས་སྒྲུབ་དུས། ང་ཚོས་བལྟས་ན་འདི་ལྟ་སྟེ།

  • སྤྱི་ཚོགས་དྲྭ་རྒྱུའི་བརྒྱུད་ལམ་དང་བརྒྱུད་ལམ་གཞན་གྱི་ཐོག་མཐོང་ཐོས་བྱུང་བའི་གསར་འགྱུར་གང་རུང་བདེན་དོན་དུ་མ་བརྩིས་པའི་སྔོན་དུ་ང་ཚོས་གཞུང་འབྲེལ་དང་ཞིབ་བཤེར་ཟིན་པའི་ཆ་འཕྲིན་གནས་ཚུལ་གྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་དགོས། ཆ་འཕྲིན་གནས་ཚུལ་གང་འདྲ་ཞིག་ཡིན་རུང་ཞིབ་འཇུག་སྔོན་དུ་མ་སོང་བར་བརྒྱུད་བསྐུར་མཉམ་སྤྱོད་བྱེད་མི་རུང། འདི་ནི་ཅིའི་ཕྱིར་”བརྒྱུད་སྤེལ་མཉམ་སྤྱོད་མ་བྱས་གོང་ལ་བསམ་བློ་གཏོང་དགོས་”ཞེས་པའི་དོན་སྤྱི་དེ་དམིགས་སའི་རང་བཞིན་ཆེ་ཤོས་སུ་སླེབས་པའི་རྒྱུ་རྐྱེན་ཡིན། ང་ཚོས་དྲྭ་ལམ་དང་དྲྭ་ལམ་མ་ཡིན་པའི་བརྒྱུད་ལམ་ནས་བདེན་དོན་དུ་མཐོང་ཐོས་བྱུང་བའི་ཆ་འཕྲིན་གནས་ཚུལ་གང་ཡང་རུང་བ་དེ་དག་བརྒྱུད་སྤེལ་མཉམ་སྤྱོད་མ་བྱེད་པའི་སྔོན་དུ་དུས་ཚོད་དམ་འཛིན་གྱིས་བསམ་བློ་ནན་ཏན་གཏོང་དགོས།
  • གསར་འགྱུར་གནས་ཚུལ་རྫུན་མ་བཀོལ་ནས་ང་ཚོར་བསླུ་བྲིད་བྱེད་པའི་དྲྭ་མིང་རྫུན་མའི་འཇིགས་སྐུལ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ན། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྒྱུད་ལམ་ཐོག་ང་ཚོ་དང་གྲོགས་པོ་བྱེད་ཐུབ་མིན་ལ་ཞིབ་བཤེར་བྱ་དགོས། “ངོས་འཛིན་རྐུ་ཁྱེར”གྱི་འཇིགས་སྐུལ་ལས་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་ན། ང་ཚོས་སྤྱི་ཚོགས་ཀྱི་དྲྭ་ལམ་དུ་བཞག་པའི་མི་སྒེར་གྱི་ཆ་འཕྲིན་གནས་ཚུལ་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས་པ་དང་། གླེང་སྟེགས་དེ་རིགས་ཀྱི་བདེ་འཇགས་དང་གསང་བའི་ཁྱད་ཆོས་བེད་སྤྱོད་གང་ཐུབ་བྱེད་དགོས། དེ་མིན་མི་སྒེར་གྱིས་རང་ཉིད་ཀྱིས་ཐག་གཅོད་བྱེད་བཞིན་པའི་དྲྭ་མིང་ནི་རྫུན་མ་ཞིག་ཡིན་པ་ངོས་འཛིན་འོས་འཚམ་བྱུང་སྐབས་སྤྱི་ཚོགས་དྲྭ་རྒྱུའི་ལས་ཁུངས་ཀྱི་མིང་ཐོར་ཁ་གཏད་གཅོག་ཐབས་སུ་མིང་ཐོ་སྙན་གསེང་ཞུ་རྒྱུ་བརྗེད་མི་རུང་།
  • གལ་ཏེ་ང་ཚོའི་སྤྱི་ཚོགས་ནང་ཁུལ་དུ་ཆ་འཕྲིན་གནས་ཚུལ་རྫུན་མ་དང་དོགས་གཞི་ཅན་འགྲེམ་སྤེལ་བྱས་པ་མཐོང་ཚེ་ང་ཚོའི་རོགས་སྐྱོར་སྡེ་ཚན་གྱི་གློག་འཕྲིན་ཁ་བྱང་support@tibcert.org ཞེས་པའི་ཐོག་འབྲེལ་གཏུག་བྱེད་ཆོག་པ་དང་། ང་ཚོས་ཁྱོད་ཀྱི་འདྲི་རྩད་འཕྲིན་ཡིག་ལ་ལག་འཛིན་Ticket ཞིག་བཟོས་ནས་ཁྱོད་ཀྱི་འདྲི་རྩད་ལ་ལན་འདེབས་ཞུ་རྒྱུ་ཡིན།