Publish on 2024-01-22

ཕེལ་བཞིན་པའི་རྒྱ་ནག་གི་བོད་ནང་རྟོག་བཟོས་སྒེར་དྲ་ཐོག་བཀག་སྡོམ།

Read in English

དུས་རབས་གོང་མའི་སྤྱི་ལོ་དགུ་བཅུའི་ནང་དྲྭ་རྒྱའི་རྒྱུད་རྒྱལ་ཁབ་ཁག་གི་སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བའི་འཆར་གཞི་ཡོངས་ཁྱབ་ཕྱིན་པའི་ནང་དུ་ཚོང་ལས་དང་། སློབ་གསོ། འཕྲོད་བསྟེན། དངུལ་ཁང་། ཉམ་ཞིབ་དང་ཆ་འཕྲིན་མཉམ་སྤྱོད་བཅས་ཚུད་ཡོད། ཅང་ཙེ་རྨིན་གྱི་གཙོ་སྐྱོང་འོག་འཛམ་གླིང་གི་ས་ཁུལ་གཞན་དང་དྲ་བར་རྒྱ་ནག་ལ་དྲ་རྒྱ་ ༡༩༩༤ ལོའི་ནང་སླེབས་ཡོད་ལ། རྒྱ་ནག་གི་བཟོ་ལས་དུས་རབས་ནས་ཆ་འཕྲིན་དུས་རབས་བར་གྱི་འགྱུར་ལྡོག་དེ་མང་པོའི་དངོས་སུ་མཐོང་ཡོད། འོན་ཀྱང་རྩིས་སྤྲོད་དོ་དམ་དང་ལེན་མི་བྱེད་པའི་དྲྭ་རྒྱ་བེད་སྤྱོད་བྱེད་པ་དེ་རྒྱ་ནག་འགོ་ཁྲིད་ཀྱི་རིམ་པའི་མི་མངོན་པའི་འཇིགས་སྐུལ་ཞིག་ཏུ་ཐོངས་ཙང་ཐར་ལག་རྩལ་གསར་པ་མང་པོ་སྡེབ་སྒྲིག་བྱས་ནས་མི་དམངས་དང་གྲང་ཉུང་མི་རིགས་ལ་ཚོད་འཛིན་དང་གཉའ་གནོན་སྤེལ་བའི་བྱ་སྤྱོད་འགོ་འཛུགས་བྱེད་ཡོད་པ་མ་ཟད། ཏེང་ཞའོ་ཕིན་གྱིས་”གལ་ཏེ་ཁྱོད་ཀྱིས་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་གཙང་མ་ལ་རེ་སྒུག་བྱས་ན། སྦྲང་ནག་ཁ་ཤས་ནང་དུ་འབུད་ངེས་ཡིན་པ་སེམས་ལ་ངེས་དགོས།” ཞེས་བརྗོད་ནས། ལེགས་བཅོས་ཀྱི་དུས་རབས་བངུན་པའི་དུས་མཇུག་ནས་བཟུང་། རྒྱ་ནག་སྲིད་གཞུང་གིས་ཚོང་དང་། དཔལ་འབྱོར། ལག་རྩལ་བཅས་ཀྱི་ཐད་འཛམ་གླིང་ལ་སྒོ་འབྱེད་པར་འགན་ལེན་ཏན་ཏིག་བྱ་དགོས་པ་ལས། ནུབ་ཕྱོགས་གུ་ཡངས་རིང་ལུགས་ཀྱི་དམངས་གཙོ་དང་མི་མངས་ནང་རང་དབང་གི་བསམ་བློའི་རྒྱུད་གཞན་གནས་སུ་འཇུག་མི་ཆོག་པ་བཀའ་བཏང་ཡོད། གོ་བདེ་པོའི་ངང་བརྗོད་ན་ཁོ་ཚོས་རང་ཉིད་ཀྱི་མི་དམངས་དང་གྲངས་ཉུང་མི་རིགས་ནང་ཁུལ་ཡིད་ཆེས་དང་འདུ་ཤེས་མེད་པ་བཟོ་བ། ལྷག་པར་དུ་གྲངས་ཉུང་མི་རིགས་ལ་གཉའ་གནོན་དང་ཁོང་ཚོར་རྒྱ་ནག་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་སྲིད་ཇུས་ལ་མོས་མཐུན་དགོས་པ། མ་ཟད་”རྒྱ་ནག་སྲིད་གཞུང་སྲུང་སྐྱོབ་“ཟེར་བའི་ལྟ་གྲུབ་ཀྱི་རྗེས་སུ་འབྲང་དགོས་པ་ཡིན་ནོ།

དྲྭ་རྒྱའི་དུས་རབས་ཀྱི་རྦ་རླབས་ཀྱིས་བསམ་འཆར་མི་འདྲ་བ་འབྱུང་ངེས་ཡིན་པས། དེས་རྒྱལ་མཚམས་ནང་དྲྭ་རྒྱ་བེད་སྤྱོད་བྱས་ཆོག་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ནན་པོ་ལག་བསྟར་དགོས་པ་རྒྱུར་ཡོད། རྒྱ་ནག་མེ་རགས་ནི་རྒྱ་ནག་གི་གསར་སྤེལ་བྱེད་པའི་ལག་རྩལ་སྒྲིག་ཆས་ཞིག་ཡིན་ལ། རྙོག་འཛིང་ཆེ་བའི་དྲ་རྒྱའི་མེ་རགས་ཞིག་ཀྱང་ཡིན་པས། རྒྱ་ནག་ནང་གི་ཆ་འཕྲིན་དང་ཕྱི་ལ་ཡོད་པའི་ཆ་འཕྲིན་ལ་ལྟ་ཞིབ་དང་ཚོད་འཛིན་བྱེད་པར་བེད་སྤྱོད་བྱེད་ཡོད། དེ་ནི་ཁ་ཕྲལ་གྱི་དྲྭ་རྒྱ་ཞིག་ཡིན་པ་དང་འཛམ་གླིང་ཡོངས་ཀྱི་སྤྱོད་པའི་དྲྭ་རྒྱ་དེ་དམིགས་བསལ་ས་ཁོངས་ཀྱི་ཆ་འཕྲིན་འདུས་གྲུབ་སུ་དབྱེ་ཡོད། འོན་ཀྱང་ ༢༠༡༠ ལོའི་ནང་ལག་ཐོགས་ཁ་པར་གྱི་གསར་བརྗེ་དང་བསྟུན་ནས་མི་སྒེར་དང་སྡེ་ཁུལ་མང་པོའི་ནང་རྟོག་བཟོས་སྒེར་དྲ་བེད་སྤྱོད་བྱས་ནས་བཀག་འགོག་བྱེད་པའི་ཆ་འཕྲིན་རྣམས་སྤྱོད་ཐུབ་པ་བྱུང་ཡོད། སྐབས་དེར་རྟོག་བཟོས་སྒེར་དྲ་འདྲ་བའི་ཉེར་སྤྱོད་གོ་རིམ་མང་པོ་ཡོད་པའི་རྐྱེན་གྱིས་དེས་དྲྭ་རྒྱ་སྤྱོད་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཞིང་དྲྭ་རྒྱའི་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་རྗེས་སུ་མི་འབྲང་མཁན་ཡང་ཇེ་མང་དུ་ཕྱིན་པའི་ལམ་བུ་ཞིག་སྐྲུན་ཐུབ་པ་བྱུང་ཡོད། རྟོག་བཟོས་སྒེར་དྲ་ནི་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་གི་འོག་དྲྭ་རྒྱའི་རང་དབང་ལ་མྱོང་རོལ་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་གདོན་མི་ཟ། ཞིས་ཅིན་ཕིང་གིས་སྲིད་སྐྱོང་བའི་སྐབས་ ༢༠༡༣ ལོར་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་པོ་མང་པོ་ལག་བསྟར་བྱེད་ཡོད། དཔེར་ན། ( ༢༠༡༥ ལོའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས། ) ( ༢༠༡༦ ལོའི་དྲྭ་རྒྱའི་དཔེ་སྐྲུན་ཞབས་ཞུའི་དོ་དམ་གྱི་གཏན་འབེབས། ) ( ༢༠༡༦ ལོའི་རྒྱ་ནག་ནང་གི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས། ) དང་། ( ༢༠༢༡ ལོའི་གཞི་གྲངས་བདེ་འཇགས་ཀྱི་བཅའ་ཁྲིམས། ) བཅས་ཚུད་ཡོད། བོད་དང་རྒྱ་ནག་མངའ་ཁོངས་སུ་རྟོག་བཟོས་སྒེར་དྲ་བེད་སྤྱོད་བྱས་ནས་འཛིན་བཟུང་བྱས་ན་རྒྱ་ནག་དབང་འཛིན་ལས་ཁུངས་ཀྱིས་ངོ་རྒོལ་རྣམ་པ་ལ་རྩིས་ཀྱི་ཡོད་ལ། དེ་སྔ་རྟོག་བཟོས་སྒེར་དྲ་བེད་སྤྱོད་བྱེད་མཁན་མི་ཁ་ཤས་ལ་དངུལ་ཆད་པ་འབོར་ཆེན་བཅད་པ་དང་། མི་ལ་ལས་ཐ་ན་རྟོག་བཟོས་སྒེར་དྲ་མངག་འཚོང་བྱས་པའི་རྐྱེན་གྱིས་བཙོན་ཁང་དུ་བཅུག་ཡོད་པའི་གནས་ཚུས་འཐོན་ཡོད། འོན་ཀྱང་རྒྱ་ནག་ནང་འགྲིམ་འགྲུལ་བྱེད་མཁན་གྱི་ཕྱི་རྒྱལ་བས་རྟོག་བཟོས་སྒེར་དྲ་བེད་སྤྱོད་བྱེད་པར་གུ་ཡངས་ཡོད་པ་གསལ་འདུག རྒྱ་ནག་གི་བསྐོ་གཞག་བྱས་པའི་བོད་ཀྱི་དྲུང་ཡིག་ཆེན་མོ་ཝང་ཙུན་ཀྲེང་གི་འགོ་ཁྲིད་འོག་མི་དམངས་ལ་དྲག་གནོན་མང་པོ་བྱས་ཏེ་མི་སྒེར་གྱི་སྒྲིག་ཆས་ནང་རྟོག་བཟོས་སྒེར་དྲ་ཐོག་ཚོད་འཛིན་གནོན་པོ་བྱས་ཡོད། རྟོག་བཟོས་སྒེར་དྲ་ཡིས་རྒྱ་ནག་མངའ་ཁོངས་ནང་གི་དྲྭ་རྒྱའི་ཚོད་འཛིན་ལས་གཡོལ་ཐུབ་མོད། འོན་ཀྱང་དེ་དག་གིས་རྟོག་བཟོས་སྒེར་དྲ་རྣམས་རྒྱལ་སྤྱིའི་ཚོང་ལས་དང་ཕྱི་རྒྱལ་ཁབ་ཀྱི་ཚོང་འབྲེལ་ཆེད་མེད་དུ་མེད་རུང་ཞིག་ཡིན་སྟབས་རྟོག་བཟོས་སྒེར་དྲ་ཡོང་རྫོགས་བཀག་སྡོམ་བྱེད་ཐུབ་མེད། རྟོག་བཟོས་སྒེར་དྲ་ཁྲིམས་མཐུན་ཡིན་པ་རིགས་གཅིག་རྒྱ་ནག་གི་གཞུང་དབང་ཁེ་ལས་དང་འབྲེལ་བ་ཡོད་ཅིང་། ཁེ་ལས་དེ་དག་ནང་མང་ཆེ་བ་དངུལ་ཁང་དང་ཁྲིམས་རྩོད་པའི་ལས་གཉེར་ཁང་ལ་ཞབས་ཞུའི་ཆེད་བཀོལ་སྤྱོད་བྱེད་ཀྱི་ཡོད།

མདོར་བསྡུས་ནས་བཤད་ན། རྙོག་འཛིང་ཆེ་བའི་ལྟ་སྐུལ་ཚོད་འཛིན་ལག་རྩལ་གྱི་སྲིད་ཇུས་གནོན་པོའི་ཐོག་སྲིད་གཞུང་གི་བོད་ནང་རྟོག་བཟོས་སྒེར་དྲ་བཀག་སྡོམ་གྱི་ཞིབ་གཤེར་བྱེད་པའི་ཆ་འཕྲིན་མང་པོ་སྤྱོད་མི་ཐུབ་འགྱུར་ཡོད་ལ། རྒྱུ་མཚན་དེར་བརྟེན་བོད་ནང་ཡོད་པའི་བོད་མི་རྣམས་ལ་མི་དང་མི་དབར་གྱི་འབྲེལ་བ་དང་གཞན་ཡུལ་འགྱར་བའི་ཕ་མ་སྤྱུན་མཆེད་གྲོགས་པོ་གྲོགས་མོ་མཉམ་དུ་ཡང་འབྲེལ་མཐུད་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་རེད། དེ་ནི་བོད་རིགས་དང་བོད་རིགས་མིན་པའི་གསར་འགོད་པ་མང་པོར་བོད་ནས་གནས་ཚུལ་གསར་པ་འབྱོར་མི་ཐུབ་པའི་དཀའ་ངལ་ཡང་འཕྲད་བཞིན་པ་རེད་ལ་ཉིན་རེ་བཞིན་དོ་ཁུར་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། རྒྱ་ནག་གྱི་ཆབ་སྲིད་དང་ཕྱི་འབྲེལ་སྲིད་ཇུས་ཐོག་མཁས་དབང་ཨི་ལི་ཛེ་བེ་ཐ་ཀྱི་གསུང་བ་གཞིག་ན། “རྒྱ་ནག་གི་བརྒྱུད་ལམ་སྲིད་ཇུས་ཐོག་རྒྱ་ནག་སྲིད་གཞུང་རང་ཉིད་གཤིས་སྤྱོད་མི་སྙོམ་པའི་སེམས་སྐྱོན་གྱི་ནད་མནར་བཞིན་པ་རེད། རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་དང་ཆ་འཕྲིན་མཉམ་སྤྱོད་ཐོག་རང་དབང་དགོས་པ་ཤེས་བཞིན་དུ་རྒྱ་ནག་སྲིད་གཞུང་རང་ཉིད་འགྱེལ་འགྲོ་འོང་བསམ་ནས་སྐྲག་སྣང་སྐྱེས་བཞིན་པ་རེད།” རྒྱ་ནག་ནང་གི་སྲིད་དབང་བསྒྱུར་བཅོས་ཡོང་བའི་ཆེད་ང་ཚོར་འཛམ་གླིང་ཡོངས་ཀྱི་ཐུན་མོང་ཞུ་གཏུག་དང་རྒྱུན་མཐུད་འབད་བརྩོན་དགོས་པ་ནི་ཁ་ཚ་དགོས་གཏུག་ཞིག་ཏུ་འགྱུར་ཡོད།  དེ་བས་མ་འོངས་པ་དྲྭ་རྒྱའི་རང་དབང་དང་ལྟ་སྐུལ་ཚོད་འཛིན་ལག་རྩལ། ཡང་དྲྭ་རྒྱའི་ཚོད་འཛིན་བཅས་ལ་སྟངས་འཛིན་ཉུང་དུ་འགྲོ་སྲིད། ལྟ་སྐུལ་ཚོད་འཛིན་དང་ཞིབ་བཤེར་ནན་པོའི་སྲིད་འཇུས་འོག་རང་ཉིད་ཀྱི་སྒྲིག་ཆས་གསང་བ་དང་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་ལག་ལེན་ཡག་ཤོས་འགའ་ཞིག་སེམས་ལ་བརྟན་པོར་ངེས་དགོས། ཞིབ་ཕྲ་གཤམ་གསལ་ལ་ཡོད།

  • ཡིད་ཆེས་བྱེད་རིན་ཆོག་པའི་རྟོག་བཟོས་སྒེར་དྲ་འདེམ་དགོས། སྤྱིར་སྟངས་དྲྭ་རྒྱའི་རྒྱུད་འབྲེལ་མཐུད་བྱེད་སྐབས་ང་ཚོས་རྟོག་བཟོས་སྒེར་དྲ་སྤྱོད་ནས་རང་སྒེར་གྱི་གནས་ཚུལ་ཅུང་ཟད་སྦས་ཐུབ་ཅིང་འབྲེལ་མཐུད་ཀྱི་ཚོད་འཛིན་དབང་འཛིན་ལས་ཁུངས་ནས་ཀྱང་སྐྱོབ་ཐུབ། འོན་ཀྱང་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ནང་རྟོག་བཟོས་སྒེར་དྲ་བེད་སྤྱོད་བྱེད་པར་བཀག་སྡོམ་དང་ཐ་ན་ཆད་པ་གཅོད་པའི་ངེས་པར་ཡོད་ཆེས་བྱེད་རིན་ཆོག་པ་རྣམས་སྤྱོད་དགོས་པ་ལས་དེ་མིན་གཞུང་དང་གཞུང་འབྲེལ་གྱི་རྟོག་བཟོས་སྒེར་དྲ་སྤྱོད་མི་རུང་།
  • ཏྲོར་བཤེར་ཆས་བཀོལ་སྤྱོད་བྱེད་དགོས། ཏྲོར་ནི་རིན་མེད་མཉེན་ཆས་ཞིག་དང་ཁ་ཕྱེ་བའི་དྲ་བ་ཞིག་ཡིན་པས། ཁྱེད་ཀྱིས་དྲྭ་ཐོག་འགྲིམ་འགྲུལ་གྱི་དཔྱད་ཞིབ་ལས་འགོག་ཐུབ་ལ། གལ་ཏེ་ཁྱེད་ཀྱི་འདི་སྤྱོད་ཐུབ་ཚེ། རང་མི་སྒེར་གྱི་རང་དབང་དང་གསང་བའི་ཚོང་ལས། གཞན་འབྲེལ་བ་ཡོད་པའི་གལ་ཆེའི་མི་སྣ་སོགས་གཞུང་གི་ཚོད་འཛིན་བྱེད་མི་ཐུབ་པའི་ཕན་ནུས་ལྡན་ཡོད། དྲྭ་ཐོག་འགྲིམ་འགྲུལ་འདི་དག་ནི་དང་བླངས་ཅན་གྱི་ཞབས་འདེགས་ཞུ་མཁན་རྒྱུད་ནས་ཡོང་གིས་ཡོད་ཅིང་དྲྭ་རྒྱ་མགྱོགས་ཚད་མྱུར་པོ་མེད་ནའང་ཁྱེད་ལ་བདེ་འཇགས་སྐྲུན་ཐུབ།
  • ཨན་ཌོ་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་ཟུར་བཀོད་བྱེད་དགོས། རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་གཅོད་རིང་ལུགས་གི་ཉེར་སྤྱོད་གོ་རིམ་མང་པོ་བཀག་སྡོམ་བྱེད་ཡོད་ཀྱང་གལ་ཏེ་ཨན་ཌོ་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་ཐུབ་ཚེ་ཟུར་བཀོད་རྒྱུད་བདེ་འཇགས་ལྡན་པའི་ཉེར་སྤྱོད་གོ་རིམ་ཕབ་ལེན་བྱེད་ཐུབ། འོན་ཀྱང་ཟུར་བཀོད་བྱས་པའི་ཉེར་སྤྱོད་གོ་རིམ་ལ་ཉེན་མེད་རྟག་དཔྱད་ནན་ཏན་བྱེད་མེད་སྟབས་སྤྱོད་མཁན་གྱིས་ངེས་པར་དུ་གཟབ་ནན་ངང་ངོ་མི་ཤེས་པའི་ཁུངས་ནས་ཕབ་ལེན་བྱེད་མི་རུང་།