སྐད་འཕྲིན་ཐོ་ཁོངས་སྟེངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་པར་རིས་སྒྲིག་བཀོད་ལ་ཞིབ་བཤེར། WeChat censors profile pictures displaying the Dalai Lama

ཞིས་ཅིན་ཕིང་གིས་གུང་ཁྲན་རིང་ལུགས་ཀྱིས་འགོ་ཁྲིད་བྱེད་པའི་རྒྱ་ནག་གི་གཉའ་གནོན་བཅའ་ཁྲིམས་དང་སྲིད་ཇུས་ཀྱིས་འཕྲུལ་རིག་ལག་རྩལ་དང་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་གསར་ཤོས་བཀོད་སྒྲིག་བྱེད་པའི་འཐབ་ཇུས་འོག་ནས་བོད་རིགས་ལ་རྒྱུ་མཚན་མེད་པའི་གདུག་རྩུབ་དང་བཙན་འགེལ་བྱས་པ་དང་། ངོ་བོའི་ཐོག་ནས་བཤད་ན་རིག་གནས་གསར་བརྗེ་དང་ཞི་བས་བཅིངས་འགྲོལ་གཏོང་བར་ཁ་གཡར་ནས་བོད་ཀྱི་ཆོས་ལུགས་དང་། སྐད་རིགས། རིག་གནས་བཅས་མེད་པ་བཟོས་པའི་དམིགས་ཡུལ་བཅང་ཡོད། འཕྲུལ་རིག་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཡར་ཐོན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་ཆབས་ཅིག་ཁོང་ཚོས་ད་དུང་འཕྲུལ་རིག་ཀུང་སི་ཆེན་པོ་དག་ལ་དྲ་རྒྱའི་སྟེགས་བུར་དུས་བཀག་ལྟར་ཞིབ་བཤེར་བྱས་ནས་སྲིད་གཞུང་གི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པའི་་ཁྲིམས་འཛུགས་བྱེད་ཡོད། ཁོ་ཚོས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་ནས་སྲིད་དབང་གི་ས་ཁམས་ཆབ་སྲིད་ཀྱི་བལྟས་ཕྱོགས་དང་གོ་ཆོད་པའི་རང་བཞིན་ལ་གནོད་འཚེ་གཏོང་སྲིད་པ་ཕུད། ཁོ་ཚོས་ད་དུང་ WeChat དང་ TikTok སོགས་སྤྱི་ཚོགས་དྲ་རྒྱའི་སྟེགས་བུ་འདི་དག་བརྒྱུད་རང་གི་མི་དམངས་དང་ཆབ་སྲིད་ཀྱི་གྲངས་ཉུང་མི་རིགས་ལ་ལྟ་སྐུལ་ཚོད་འཛིན་བྱེད་མུས་ཡིན།

སྐད་འཕྲིན་ནི་རྒྱ་ནག་ནང་ཆེས་རྒྱ་ཁྱབ་ཏུ་སྤྱོད་པའི་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་ཞིག་ཡིན་ལ། ༢༠༢༢ ལོར་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་སྤྱོད་མཁན་གི་ནང་ནས་ཨང་ལྔ་པར་སླེབས་ཡོད། སྐད་འཕྲིན་ནི་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་དྲ་རྒྱ་སྤྱོད་མཁན་ལ་ཇུས་འགོད་བྱས་པ་དང་དུས་མཚུངས། Weixin ནི་རྒྱ་ནག་ནང་གི་སྤྱོད་མཁན་ཆེད་ཇུས་འགོད་བྱེད་ཡོད། Citizen Lab གི་སྔོན་ཆད་ཞིབ་འཇུག་སྙན་ཞུའི་ནང་ཤེས་རྟོགས་བྱུང་བར་གཞིགས་ན། སྐད་འཕྲིན་ཀྱི་ཆབ་སྲིད་ཞིབ་བཤེར་དང་ལྟ་སྐུལ་ཚོད་འཛིན་ལག་རྩལ་དེ་ Weixin  གྱི་སྤྱོད་མཁན་དང་བསྡུར་ན་ཅུང་ཉུང་ནའང་། རྒྱ་ནག་གི་ཕྱི་རོལ་དུ་སྤྱོད་མཁན་དག་ལའང་ཆབ་སྲིད་ཞིབ་བཤེར་དང་ལྟ་སྐུལ་ཚོད་འཛིན་བྱེད་ཀྱི་ཡོད་པ་འཁོད་ཡོད། དེ་གཉིས་བར་གྱི་འགག་རྩའི་ཁྱད་པར་ནི་རྒྱ་ནག་ཕྱི་རོལ་དུ་མཉམ་སྤྱོད་བྱེད་མཁན་གྱི་ཐོ་ཁོངས་རྣམས་ཀྱི་ཡིག་ཆ་དང་པར་རིས་རྣམས་རྒྱ་ནག་ནང་གི་སྤྱོད་མཁན་ཆེད་ཞིབ་བཤེར་ནུས་པ་གསོ་སྐྱོང་དང་། འཛུགས་སྐྲུན། ཡར་རྒྱས་བཅས་ཡོང་བར་སྤྱད་ཀྱི་ཡོད། ད་དུང་རྒྱ་ནག་ཕྱི་རོལ་དུ་ཡོད་པའི་སྐད་འཕྲིན་སྤྱོད་མཁན་གྱིས་སྐད་འཔྲིན་ཐོག་ནས་ཚོར་བ་སྐྱེན་པའི་ནང་དོན་བརྗེ་རེས་བྱེད་པ་རྣམས་རྒྱ་ནག་གི་ཆབ་སྲིད་ཞིབ་བཤེར་དང་ལྟ་སྐུལ་ཚོད་འཛིན་བྱེད་ནུས་ཞིབ་ཚགས་སུ་གཏོང་བར་ཕན་ཐོག་གི་ཡོད།

Fig: རྒྱ་ནག་ཕྱི་རོལ་དུ་སྐད་འཕྲིན་སྤྱོད་མཁན་དག་ལའང་པར་རིས་་ཞིབ་བཤེར་བྱེད་པ།

ཉེ་ལམ་བདུན་ཕྲག་འགས་སྔོན་ལ་༧གོང་ས་མཆོག་དང་རྒྱ་གར་གྱི་བྱིས་པ་ཆུང་ཆུང་ཞིག་གཅིག་ལན་གཅིག་འཇལ་གནང་བཞིན་པའི་བརྙན་དུམ་གཡོ་བཀོལ་བྱས་པ་ཞིག་ཁྱབ་གདལ་མྱུར་པོ་ཕྱིན་པའི་རྗེས་སུ། བོད་རིགས་དང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་འཛམ་གླིང་ས་ཕྱོགས་གང་སར་ནས་ད་ལན་སྐུ་མདུན་ལ་བརྙན་དུམ་འདི་ཐོག་དམའ་འབེབས། སྐྱོན་བརྗོད། མཚན་མེད་ཞུ་བ་ལ་མཐའ་གཅིག་ཏུ་དགག་པ་དང་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་བྱེད་ཡོད། དོན་དངོས་སུ་རྙན་ཐུང་གི་རིང་ཐུང་ནི་སྐར་མ་བཅུ་བདུན་ཅན་ཞིག་ཡོད་ལ་སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་གྲོང་ཁྱེར་ཧ་རི་ཡ་ནར་རྟེན་གཞི་བྱས་པའི་ M3M ཐེབས་རྩས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་༢ ཚེས་ ༢༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེབས་རྩ་དེ་གའི་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་རྒྱ་གར་གྱི་མཐོ་རིམ་སློབ་མ་བརྒྱ་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། བྱེད་སྒོ་འདི་སྤེལ་ནས་ཟླ་བ་གཅིག་ལྷག་ཙམ་སོང་རྗེས་ ༢༠༢༣ ལོའི་ཟླ་ ༤ པའི་གཟའ་འཁོར་དང་པོའི་གཟའ་མཇུག་ཡས་མས་སུ་བསམ་ངན་ཁོག་བཅུག་གིས་ཕབ་ལེན་བྱས་པའི་ཐོག་མའི་བརྙན་ཕབ་དེ་དྲ་རྒྱའི་ཐོག་དར་ཁྱབ་ཆེན་པོ་བྱུང་བ་རེད། ཐོག་མར་སྐར་མ་བཅུ་བདུན་རིང་གི་ལེ་ཚན་དེ་སྐར་མ་ཁ་ཤས་ཡོད་པ་ཞིག་ལ་དུམ་བུ་བཏང་ཡོད་ལ། དེ་རྗེས་སྐར་མ་ཁ་ཤས་འདི་སྐར་ཆ་ཁ་ཤས་ཅན་དུ་དུམ་བུ་བཏང་ནས་དེ་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོབ་དང་འདྲ་བྱིས་པ་དེ་ལ་ “ ལྕེ་བཟའ་“ གསུང་ཡོད་པའི་ནང་དོན་ཡོད་ཅིང་། དེ་མིན་བརྙན་ཕབ་ཀྱི་དུམ་བུ་དེའི་ནང་དུ་བྱིས་པ་དེའི་ངོ་གདོང་རབ་རིབ་ཏུ་གྱུར་ནས་རྙན་ཐུང་ལྟ་མཁན་ལ་ལོག་པར་འཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསམ་ངན་ཁོག་བཅུག་གི་བརྙན་དུམ་གཡོ་བཀོལ་བྱས་ཡོད། ལོ་ན་མ་སོན་པའི་སྐྱེ་བོར་ཆགས་སྤྱོད་རང་བཞིན་གྱི་གནོད་འཚེ་གཏོང་བའི་བརྗོད་གཞི་ནི་ཧ་ཅང་ཚོར་བ་རྣོན་པོ་ཞིག་ཡིན་པའི་ཆ་ནས། བརྙན་དུམ་གཡོ་བཀོལ་བྱས་པ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་ཤས་བཟོ་མཁན། བོད་དོན་ལས་འགུལ་གྱི་དགྲ་བོ་དང་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ལག་ཆ་ལྟ་བུའི་གོ་སྐབས་བྱུང་ཡོད། འདི་ལྟ་བུའི་བསམ་ངན་ཁོག་བཅུག་གིས་བརྙན་དུམ་གཡོ་བཀོལ་བྱས་པ་དེ་འཛམ་གླིང་ཡོངས་ལ་སེམས་མི་བདེ་བ་ཆེན་པོ་བཟོས་ཡོད་ལ། འདིས་དྲ་རྒྱའི་སྟེང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་འགྱུར་དང་། སྤྱི་ཚོགས་དྲ་རྒྱ་ཁག་ནང་ཞེ་འཁོན་ཅན་དང་སྡང་སེམས་ཅན་གྱི་གྲོས་བསྡུར། དཔྱད་གཏམ་དང་ཆན་བཀོད་ཡོད་པ་རེད།

སྐབས་འདིར་བོད་རིགས་དང་རྒྱལ་སྤྱིའི་ནང་པའི་རྗེས་འབྲངས་པ་དང་ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྩིས་སྲུངས་བྱེད་མཁན་ཡོངས་ལ་སེམས་སྡུག་ཆེན་པོའི་རྨ་ཁ་བཟོས་ཡོད་ལ་། འཛམ་གླིང་ས་ཕྱོགས་ཡོངས་ལ་ངོ་རྒོལ་བྱེད་མུད་ཡིན། དེ་མིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་བྱེད་པའི་དྲ་རྒྱའི་ཐོག་གི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་དེ་བཞིན་མི་མང་པོ་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་རྒྱའི་ནང་སྐུ་མདུན་གྱི་པར་རིས་བཀོད་སྒྲིག་བྱས་ཡོད། ཉེ་ཆར་སྐད་འཕྲིན་ནང་ཐོ་ཁོངས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་པར་རིས་བཞག་ཚེ་དུས་ཡུན་སྐར་ཆ་ཁ་ཤས་ནང་མེད་པ་གྱུར་འགྲོ་བ་ནི་ཁྱད་མཚར་གྱི་གནས་ཚུལ་ཞིག་ཡིན་པ་དང་། སྤྱིར་རྒྱ་ནག་ཕྱི་རོལ་གྱི་སྐད་འཕྲིན་སྤྱོད་མཁན་རྣམས་རྒྱ་ནག་གི་ཞིབ་བཤེར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་བདག་སྐྱོང་མངའ་ཁོངས་ལས་བརྒལ་ཡོད་མོད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་སྟེགས་བུ་འདིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་པར་རིས་ཀྱང་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད་ལ་ཐ་ན་གོ་ལ་ཧྲིལ་པོའི་སྐད་འཕྲིན་སྤྱོད་མཁན་ཡོངས་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་གསལ་པོ་རེད།
 དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ་བོད་དང་རྒྱ་ནག་མངའ་ཁོངས་སུ་སྤྱི་ཚོགས་དྲ་རྒྱའི་སྟེགས་བུའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདྲ་པར་དང་བརྙན་ཕབ་གཅིག་ཀྱང་མཐོང་རྒྱུ་མེད། འོན་ཀྱང་བརྙན་དུམ་གཡོ་བཀོལ་བྱས་པ་དེ་ནི་་སྤྱི་ཚོགས་དྲ་རྒྱ་ཆ་ཚང་ནང་གསལ་ཡོད་པ་དང་ལྷག་པར་དུ་རྒྱ་ནག་གི་ Twitter ཚབ་ Sina Weibo ཅེས་པའི་རྒྱ་ནག་ནང་གཏན་གཞིར་སྤྱི་ཚོགས་དྲ་རྒྱའི་ནང་དར་འཕེལ་ཆེན་པོ་བྱུང་ཡོད། བོད་དང་རྒྱ་ནག་ནང་ཁུལ་དུ་བཅའ་སྡོད་བྱེད་པའི་སྤྱི་ཚོགས་དྲ་རྒྱ་སྤྱོད་མཁན་གྱིས་བརྙན་དུམ་གཡོ་བཀོལ་བྱས་པ་དེ་དང་དེ་བཞིན་སྐུ་མདུན་དང་འབྲེལ་བ་ཡོད་པའི་མི་བཟོས་རིག་སྟོབས་ལས་བཟོས་པའི་འདྲ་པར་ཁ་ཤས་མཐོང་རྒྱུ་ཡོད། མ་ཟད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ Weibo ནང་འཁྱོག་བཤད་བྱས་པའི་ལེ་ཚན་ནང་འཕེལ་རྒྱས་ཆེ་ཤོས་ཀྱི་གླེང་གཞི་ཞིག་ཏུ་གྱུར་པ་དང་། ལོ་དྲུག་ཅུའི་ནང་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ཏུ་འགྱུར་ཡོད།

Fig 1 : Weibo ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཕེལ་ཕྱོགས་ཆེ་ཤོས་ཕྱིན་པ།

Fig 2 : Weibo ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཕེལ་ཕྱོགས་ཆེ་ཤོས་ཕྱིན་པ།

རྒྱ་ནག་གི་༧གོང་ས་༧སྐྱབས་མགོན་ཆེན་པོ་ལ་མཚན་མེད་དང་གཞི་མེད་སྐྱོན་བརྗོད་བྱེད་པའི་ལས་འགུལ་འདི་དག་གི་རྒྱབ་ཏུ་ངེས་པར་དུ་ཆབ་སྲིད་ཀྱི་ངོ་བོ་ཞིག་ཡོད་དགོས་པ་གསལ་པོར་མཚོན་ཐུབ། རྒྱ་ནག་གི་འཕྲུལ་རིགས་་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་སུ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཡར་རྒྱས་བྱུང་བ་དང་། ཚན་རྩལ་མི་སྣའི་སྲིད་ཇུས་ནན་པོ་ཡོད་པའི་ཐོག་རྒྱུན་ཆད་མེད་པར་ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། གསལ་ཤེས་ཐུབ་ངེས་ཞིག་ལ། སྐད་འཕྲིན་གྱི་ཁྱིམ་བདག་ཀུང་སི་ Tencent གྱིས་རང་གི་སྲིད་གཞུང་དང་མཉམ་ལས་བྱས་ནས་དེའི་སྲིད་དབང་གི་འདུ་ཤེས་འཛིན་སྟངས་དང་། ཕྱོགས་ལྷུང་། ས་ཁམས་ཆབ་སྲིད་ཀྱི་ཐོབ་ཐང་བཅས་དང་འགལ་བའི་ནང་དོན་རྣམས་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད།

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་སྟེགས་བུའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོའི་བརྙན་དུམ་གཡོ་བཀོལ་བྱས་པ་དེ་ལ་དམིགས་ནས་ཞིབ་བཤེར་བྱས་མེད་པའི་དགག་ཆའི་འདྲ་པར་ཁ་ཤས་གཤམ་གསལ་

China’s oppressive laws and policies under its communist leadership of Xi Jinping have imposed strategic means equipped with latest trends in the digital and information technology sector to impose unjustified cruelty and injustice against the Tibetans, essentially to dismantle Tibetan religion, language and culture on the pretext of Cultural Revolution and peaceful liberation. With its ever growing advancements in the field of digital economy, they also imposed numerous legislative actions over its tech giants by which online platforms in China are regularly censored to comply with government regulations. Apart from censoring politically sensitive information which may harm the geopolitical image and validity of their regime, they also actively exercise surveillance of its citizens and political minorities through vastly used social media platforms such as WeChat and TikTok. 

WeChat comes as the most widely used social media platform in China and it ranks as the fifth most used social media platform around the globe as of 2022. While WeChat is designed for global social media users, Weixin is the version designed for its mainland users. In a previous research report by the Citizen Lab, it was found that although WeChat’s political censorship and surveillance technology is comparatively less than that of Weixin’s users, WeChat users with accounts outside of China are also subjected to political surveillance. The key difference between the two is that the files and images shared by WeChat users with accounts outside of China were used to train, build and improve the censorship capabilities of its China registered users. It also suggests that non-China-based Wechat users who exchange sensitive content over WeChat are indirectly contributing to refinement of online political censorship and surveillance capabilities of China. 

Fig : WeChat’s image censorship of it’s non-China-user to a China-based user

In recent times,  in the wake of a manipulated viral video of His Holiness the Dalai Lama’s interaction with a young indian boy, many Tibetans and Tibet supporters came in peaceful protest around the globe to show solidarity with His Holiness and bring forward the truth behind the video propaganda that attempts to discredit, defame and harm the public perception of the Dalai Lama. The original full session of the event was a 17 minute long clip in which the Dalai Lama addressed 120 recently graduated Indian college students and members of the M3M Foundation at Dharamsala, India on 28th Feb, 2023. After more than a month since the event took place, around the end of first week of April 2023, a short maliciously trimmed version of the original video became viral on the internet. The 17 minute clip was initially cropped to a few minute length where the interaction between the Dalai Lama and the Indian boy could be seen, which was further trimmed to a few seconds of the video where the Dalai Lama asks the boy to “Suck his tongue”. Furthermore the trimmed section of the video was edited with caption mirroring the conversation between the two in which the boy’s face was blurred to give a false and misleading impression of the Dalai Lama to its viewers. As topics including sexual harassment to minors are very sensitive in nature, the manipulated video clip became a perfect opportunity for adversaries and critics of the Dalai Lama and the Tibet movement to weaponize it. Such a maliciously tailored video of a globally recognized spiritual icon of the present day world, which was taken out of its true context caused great unease around the globe. This inevitably resulted in a wildfire of relentless hateful and xenophobic news, posts, tweets, discussions and comments against the Dalai Lama on the internet. 

In such a time, the sentiments of Tibetans and international followers of Buddhism and the Dalai Lama were deeply wounded with such untrue allegations on the Dalai Lama by which many began to show their solidarity with the Dalai Lama through peaceful protests around various parts of the world. Moreover a series of online hashtag campaigns in support of the Dalai Lama was observed as well as many individuals setting up their social media display picture with a photo of His Holiness the Dalai Lama which includes slogans such as “We love His Holiness 14th Dalai Lama” and “I stand with Dalai Lama”. One peculiar observation in WeChat recently was the fact that while keeping the account display picture in WeChat with a picture of His Holiness the Dalai Lama, the profile photo is removed a few seconds after the upload is completed. Although non-China based WeChat users lay outside the jurisdiction of Chinese censorship laws and policies, this evidence suggests that this Chinese social media platform is censoring any image depicting the Dalai Lama even for global WeChat users.

For a very long time, it was nearly impossible to ever see a single photo and video of the Dalai Lama in social media platforms whose users are based within the jurisdiction of Tibet and mainland China. However, the manipulated viral video of the Dalai Lama gained momentum in Chinese social media platforms particularly in Sina Weibo which is China’s version of Twitter. Social media users based within Tibet and China were able to see the manipulated clip as well as some negatively intended AI generated photos associated with the Dalai Lama. Eventually the Dalai Lama became the most trending topic on Weibo after the controversial misrepresented clip caught fire on the internet, an incident which never happened in China for the last 60 years ever since Tibet’s occupation. 

Fig 1 : The Dalai Lama becomes the most trending topic on Weibo

Fig 2: The Dalai Lama becomes the most trending topic on Weibo

There is a clear indication that a political attribution must be there behind these incidents in an attempt to defame the character of the Dalai Lama, who symbolizes the patron of all the Tibetans, one who is also a spiritual, cultural and political epicenter of the Tibetan movement in exile. China’s relentless advancements in the field of digital infrastructure and strict policies for its tech giants are the essential elements of its ever-increasing surveillance and censorship tactics. It is evident that WeChat’s parent company Tencent is required to cooperate with its government to remove any content that goes against the ideologies, inclinations and geo-political identity of its regime.

Some of the uncensored negative photos around the manipulated video of the Dalai Lama on Chinese social media platforms are as below :

Back to Top