5G དྲྭ་རྒྱའི་གསར་བརྗེའི་དུས་རབས་ཀྱི་རྒྱ་ནག་གི་ལག་རྩལ་མི་རིགས་རིང་ལུགས། Chinese Techno-nationalism in the age of 5G revolution

འཛམ་གླིང་ཧྲིལ་པོའི་དྲྭ་རྒྱ་ལག་རྩལ་ཡར་ཐོན་གྱི་རྩེ་མོར་སོན་པའི་སྐབས་འདིར་ང་ཚོའི་དེང་རབས་སྤྱི་ཚོགས་ཀྱང་ལག་རྩལ་དང་དྲྭ་སྦྲེལ་དང་ཁ་བྲལ་ཐབས་མེད་པར་གྱུར་ཡོད། ལག་རྩལ་གོང་འཕེལ་བྱུང་བ་དེས་ང་ཚོའི་དཔལ་ཡོན་གོང་འཕེལ་བྱུང་བར་མཚོན་ཞིང་། མི་སྒེར་དང་མི་རིགས་ཀྱིས་དེར་སྔོན་ཆད་དང་མི་འདྲ་བའི་བརྟེན་ཤུགས་ཆེ་བར་བཏང་ཡོད། དེས་མ་ཚད་ད་སྐབས་ལག་ཐོགས་ཁ་པར་ལག་རྩལ་གྱི་གསར་བརྗེ་ཐག་རིང་ནས་སྐད་ཅིག་ཉིན་ལ་འབྲེལ་གཏུགས་བྱེད་ཐུབ་པ་ཙམ་དུ་མ་ཟད།  ང་ཚོས་མི་སྒེར་དང་ཆེད་ལས་དུས་ཚོད་ཀྱི་གསང་དོན་དང་བདེ་འཇགས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། ལག་ཐོགས་ཁ་པར་གྱི་མཁྲེམས་ཆས་ནུས་པས་དེའི་མཚམས་ཚད་ལ་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་བཞིན་ཡོད་མོད། འོན་ཀྱང་ལག་ཐོགས་ཁ་པར་ཡོད་ཚད་ཀྱི་འགག་རྩའི་རྒྱུ་རྐྱེན་གཙོ་བོ་ཕྲ་ཕུང་དྲྭ་རྒྱའི་ལག་རྩལ་གྱིས་ཁ་པར་འདི་དག་གི་དྲྭ་སྦྲེལ་ཞབས་ཞུ་བྱེད་པར་སྟབས་བདེ་བསྐྲུན་ཡོད། ཕྲ་ཕུང་དྲྭ་རྒྱའི་ལག་རྩལ་འཕེལ་རྒྱས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་སྒེར་དང་མི་རིགས་ཀྱི་སྟབས་བདེ་དང་། གསང་དོན། བདེ་འཇགས་བཅས་ལ་ཕན་ཐོགས་ཡོད་ལ་གནོད་པའང་ཡོད།

5G སྐུད་མེད་དྲྭ་རྒྱའི་ལག་རྩལ་ཞེས་པ་ནི་དེའི་སྔ་རོལ་གྱི་4Gསྐུ་མེད་དྲྭ་རྒྱའི་ལག་རྩལ་ལེགས་གྲུབ་བྱུང་བའི་ཕྲ་ཕུང་དྲྭ་རྒྱའི་ལག་རྩལ་གྱི་ཐོན་རབས་ལྔ་པ་ལ་ཟེར། དེས་4G དང་བསྡུར་ན་ལྡབ་ ༢༠ ཡི་མྱུར་ཚད་མགྱོགས་པའི་གཞི་གྲངས་ཀྱི་མྱུར་ཚད་ཁས་ལེན་བྱས་ཡོད། དེས་ད་དུང་ཧ་ཅང་དུས་ཚོད་ཉུང་ཉུང་མཁོ་འདོན་བྱས་པ་དེས་འགོར་འགྱངས་ཉུང་བ་དང་བློས་འགེལ་ཆོག་པ་མཚོན་གྱི་ཡོད།  དེས་དུས་མཚུངས་འཕྲུལ་ཆས་ཡོ་བྱད་སྔར་བས་མང་བར་འབྲེལ་མཐུད་བྱེད་ཐུབ་པ་མ་ཟད། འཕྲུལ་ཆས་ཀྱི་མི། རང་འགུལ་འཕྲུལ་འཁོར། མིས་བཟོས་རིག་སྟོབས། འཕྲུལ་འཁོར་སློབ་སྦྱོང་། རྟོག་བཟོ་དང་ལེགས་བཅོས་ཀྱི་དོན་དངོས་བཅས་ཀྱི་ཐད་ལ་གསར་བརྗེ་ཅན་དུ་འགྱུར་རྒྱུའི་ནུས་པ་ལྡན་ཡོད། འོན་ཀྱང་འཕྲིན་གཏོང་བྱེད་ཆེད་དུ་བེད་སྤྱོད་བྱེད་པའི་དངོས་པོ་གང་ཞིག་ཡིན་རུང་ཚང་མ་བཀག་སྡོམ་དང་། ལད་ཟློས། ཁ་ལོ་སྒྱུར་བ། ལོག་སྤྱོད་བཅས་བྱེད་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།  དེས་མ་ཚད་གཞི་གྲངས་ཀྱི་མྱུར་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁ་པར་དང་གློག་ཀླད་གྲངས་ལས་འདས་པར་དུས་གཅིག་ཏུ་སྦྲེལ་མཐུད་བྱས་པ་དྲྭ་རྒོལ་གྱི་ཕྱོགས་ངོས་རྒྱ་ཆེར་སོང་ནས་བདེ་འཇགས་ཀྱི་སྐྱོན་ཆ་གསར་པ་ཞིག་འགྱུར་སྲིད། 5G འདི་བཞིན་ལག་རྩལ་གསར་པ་ཞིག་ཡིན་པའི་ཆ་ནས་རྨང་གཞིའི་བཀོད་སྒྲིག་མཁོ་འདོན་དང་མཐུན་འཕྲོད་དང་འབྲེལ་བའི་ཐད་དཀའ་ངལ་ཡོད།  དགོས་ངེས་ཀྱི་གློག་འཕྲིན་ཡོ་བྱད་དང་རྨང་གཞིའི་སྒྲིག་བཀོད་དེ་རིགས་དང་འབྲེལ་བའི་གཞི་གྲངས་ལ་འཇིགས་སྐུལ་མི་ཐེབས་པའི་འགན་ལེན་བྱས་ཏེ་མི་སྒེར་དང་བདེ་འཇགས་ཀྱི་གཞི་གྲངས་བསམ་ཡུལ་ལས་འདས་པའི་གསང་བ་ཕྱིར་ཤོར་བར་སྔོན་འགོག་བྱེད་དགོས།

ཧཱ་ཝེ་དང་ZTEགཉིས་ནི་5Gལག་རྩལ་སྐོར་གླེང་སྐབས་རྒྱ་ནག་གི་ཚལ་རྩལ་ཚོང་ཚོགས་ཆེན་པོ་གཉིས་ཡིན། ཚོང་ཚོགས་འདི་གཉིས་ཀས་གློག་འཕྲིན་ལས་རིག་ཆེད་གཉེར་བྱེད་བཞིན་པ་དང་། འཛམ་གླིང་ཧྲིལ་པོའི་རྒྱང་འཕྲིན་ཡོ་བྱད་བཟོ་བསྐྲུན་པའི་སྣེ་འཁྲིད་པ་ཡིན། ཧྭ་ཝེ་ཡིས་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཅི་ཞིག་ཡོད་པ་ངོས་མི་ལེན་པར་མ་རྐང་འཛུགས་ཉར་བྱེད་མཁན་ལ་དབང་བའི་སྒེར་གཉེར་ཚོང་ཚོགས་ཤིག་ཡིན་ལུགས་བརྗོད་བཞིན་ཡོད། ཕྱོགས་གཞན་ཞིག་ནས་ ZTE ནི་ཕྱེད་ཁ་རྒྱ་ནག་གཞུང་ལ་དབང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། འཛམ་གླིང་ཧྲིལ་པོར་5Gའགྲན་སྡུར་བྱེད་སྐབས། རྒྱ་ནག་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཐོན་ཁུངས་དང་དཔོན་ཉམས་རིང་ལུགས་ཀྱི་མཐུན་སྦྱོར་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཚོང་རར་ཁ་ལོ་སྒྱུར་རྒྱུའི་ཧམ་སེམས་བྱེད་བཞིན་ཡོད། རྒྱལ་ཁབ་འདྲ་མིན་གྱི་ཆེད་ལས་ཞབས་ཞུའི་མི་སྣ་ཡོད་པའི་ Deloitte ཞེས་པའི་ཚོང་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༨ ནང་བཏོན་པའི་སྙན་ཐོ་ལྟར་ན།  ཕྱི་ལོ་ ༢༠༡༥ ནས་བཟང་རྒྱ་ནག་གིས་5G ཅན་གྱི་དྲྭ་རྒྱའི་ལྕོགས་མཁར་གསར་པ་གྲངས་ ༣༥༠,༠༠༠ གསར་འཛུགས་བྱས་ཡོད་པ་དང་།  དུས་ཡུན་དེའི་ནང་ཨ་རིས་5G ཅན་གྱི་དྲྭ་རྒྱའི་ལྕོགས་མཁར་གསར་པ་གྲངས་ ༣༠,༠༠༠ གསར་འཛུགས་བྱས་པ་བཀོད་ཡོད། རྒྱ་ནག་ནི་5Gདང་འབྲེལ་བའི་ཡོ་བྱད་གསར་བསྐྲུན་དང་ཡར་རྒྱས་གཏོང་མཁན་ཐོག་མའི་གྲས་ཡིན་ཅིང་། དེའི་གྲགས་ཆེ་བའི་ཚོང་ཚོགས་ཧྭ་ཝེ་དང་ZTEགཉིས་ནི་མཉེན་ཆས་དང་མཁྲེགས་ཆས་གཉིས་ཀའི་ཐད་ནས་5Gཅན་དུ་གྱུར་ཚར་ཡོད།  དེ་མིན་རྒྱ་ནག་གིས་ད་དུང་བོད་ནང་གི་ཧི་མ་ལ་ཡའི་ལུང་ཁུག་ས་ཁུལ་གྱི་གན་བྷ་ལའི་རེ་ཌར་ས་ཚིགས་སུ་5G རྟེན་གཞི་བཙུགས་པ་དེ་ནི་འཛམ་གླིང་ཐོག་མཐོ་ཚད་སྨི་5374ཟིན་པའི་རེ་ཌར་ས་ཚིགས་ཤིག་ཡིན།   2020 ལོའི་ཟླ་ 6 ཚེས་ 30 ཉིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་ལྷན་ཁང་གིས་ཧྭ་ཝེ་དང་ ZTE གཉིས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་དམག་གི་ཡོ་བྱད་མཁོ་སྒྲུབ་དང་འབྲེལ་བ་དམ་ཟབ་ཡོད་རྐྱེན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་གཞུང་འབྲེལ་ཐོག་ནས་གཏན་འཁེལ་བྱས་པ་རེད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་རྒྱ་ནག་གི་འཕྲུལ་ལས་ཚོང་ཚོགས་གཞན་དག་ནི་ཧའེ་ཏེ་རཱ་འཕྲིན་གཏོང་ཚོང་ཚོགས་ Hytera Communications Corporation,དང་། ཧང་ཀྲོའུ་ཧི་ཁེ་ཝེ་སི་དྲྭ་རྒྱའི་ལག་རྩལ་ཚོང་ཚོགས། Hangzhou Hikvision Digital Technology Company, དཱ་ཧུ་ཨ་ལག་རྩལ་ཚོང་ཚོགས་ Dahua Technology Company བཅས་ཡིན།

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་2013ལོར་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པའི་ཕྱི་འབྲེལ་སྲིད་ཇུས་རྒྱུད་གཅིག་ལམ་གཅིག་ (BRI)ཅེས་པ་ནི་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་ཆེད་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་མ་འཛུགས་བྱས་ཏེ་རྒྱ་ནག་གི་ཐོན་སྐྱེད་ལ་ཁྲོམ་ར་རྒྱ་བསྐྱེད་དང་འཛམ་གླིང་ནང་རྒྱ་ནག་གི་གཟུགས་བརྙན་མངོན་གསལ་འདོད་པོ་བཟོས་ཏེ་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་ཡོངས་ཀྱི་ལག་རྩལ་ཁ་ལོ་སྒྱུར་བའི་འཐབ་ཇུས་ཤིག་ཡིན། འོན་ཀྱང་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་འཐབ་ཇུས་འདི་ནི་རྒྱ་ནག་གི་གོ་ལ་ཧྲིལ་པོའི་རྐང་རྗེས་བརྟན་དུ་གཏོང་བ་དང་ཕྱི་འབྲེལ་དང་འཐབ་ཇུས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  རྒྱུད་གཅིག་ལམ་གཅིག་BRI ཅེས་པའི་སྲིད་ཇུས་འདི་ནི་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ས་ཁམས་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་པའི་རྒྱ་ནག་གི་ཁྱབ་ཁོངས་གསར་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་སྔོན་གནས་སྲིད་ཇུས་དང་ལས་འཆར་གྱི་ཤུགས་སྣོན་རྒྱག་པའི་པར་གཞི་ཞིག་ཡིན།  རྒྱ་ནག་གི་འགོ་ཁྲིད་པས་དེ་ལ་”དུས་རབས་ཀྱི་ལས་གྲྭ་”ཞེས་བརྗོད་པ་མ་ཟད།  རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཡང་དེ་བཀོད་ཡོད། རྒྱ་ནག་གི་ཁེ་ལས་ཚོང་ཚོགས་ཀྱིས་5Gལག་རྩལ་གྱི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་ལས་ཁུངས་སུ་ཞུགས་པ་ནི་གོ་ལ་ཧྲིལ་པོའི་ཚད་གཞི་དེ་རྒྱ་ནག་ལག་རྩལ་དང་མཐུན་པར་ཁག་ཐེག་བྱས་ནས་གོ་ལ་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར་ལས་རྒྱ་ནག་གི་ཁེ་ཕན་བསྐྲུན་ཆེད་ཡིན།  འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ 5G ལག་རྩལ་བེད་སྤྱོད་དང་ལག་བསྟར་བྱ་རྒྱུར་འདོད་མོས་དེ་ཙམ་མེད། དེ་ནི་ཧྭ་ཝེ་དང་ZTE, རྒྱ་ནག་གི་ཁ་པར་ཁེ་ལས་ཚོང་ཚོགས་ཆེན་པོ་ཁག་གི་ཚན་རྩལ་མི་སྣའི་གློག་འཕྲིན་ཡོ་བྱད་ལ་བརྟེན་ནས་རྒྱ་ནག་གསང་བའི་ལས་ཁུངས་དང་དམག་དཔུང་གིས་ཞི་བདེ་དང་དཀའ་སྡུག་གི་དུས་སྐབས་གཉིས་ཀར་ནུས་པ་ལྡན་པའི་ཐོག་ནས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་པས་ཡིན།

རྒྱུད་གཅིག་ལམ་གཅིག་BRI གི་ལྟེ་བའི་གྲུབ་ཆ་ཞིག་ནི་དྲྭ་ལམ་དར་གོས་ཚོང་ལམ་ཡིན་ཞིང་། དེ་ནི་རྒྱ་ནག་གིས་གློག་འཕྲིན་དྲྭ་ལམ་སྡེ་ཁག་སྡེབ་སྒྲིག་བྱེད་པའི་འཆར་གཞིར་ཟེར།  སྡེ་ཁག་འདི་དག་གི་ཁོངས་སུ་ ZTE དང་།  རྒྱ་ནག་གི་ཁ་པར།  ཧྭ་ཝེ། དངོས་པོའི་དྲ་སྦྲེལ་དང་། གློག་རྡུལ་ཚོང་དོན་(ཨ་ལི་བྷ་བ་དང་JD.com པ་)བཅས་ཚུད་ཡོད། འཆར་གཞི་འདིའི་ནང་དུ་རྒྱ་ནག་ལྟེ་བར་བྱེད་པའི་ལག་རྩལ་སྒྲིག་ལམ་ཞིག་ཚུད་ཡོད། རྒྱ་ནག་གི་དྲྭ་རྒྱའི་རྨང་གཞིའི་སྒྲིག་བཀོད་ཕྱིར་གཏོང་བྱ་རྒྱུ་གཙོ་གནད་དུ་བཟུང་ཐོག་དགོས་ངེས་ཀྱི་གློག་འཕྲིན་ཡོ་བྱད་ཚུད་ཡོད། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ལག་རྩལ་གཙོ་ཁྲིད་ཀྱི་གོ་གནས་འདི་ནི་རྒྱལ་ཁབ་གཞན་དག་དང་དེའི་མི་རིགས་ཀྱི་གྲུབ་ཚུལ་དང་ཆབ་སྲིད་ཀྱི་སྒྲིག་ལམ་དང་འབྲེལ་བ་ཡོད་པའི་གཞི་གྲངས་ཕོན་ཆེན་ཐོབ་ཐབས་བྱས་ནས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ལྟ་བ་ཁ་ལོ་སྒྱུར་ཐབས་ཤིག་ཡིན། འདིའི་འཇིགས་སྐུལ་ཉེན་ཚབས་ཆེ་བའི་ཆེས་མངོན་གསལ་གྱི་གནས་ཚུལ་ནི་གཤམ་གསལ་ལྟར་ཡིན།

  • པེ་ཅིན་གྱིས་ཤིན་ཅང་དུ་ཡུ་གུར་རིགས་ཀྱི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་པའི་ལག་རྩལ་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད།  དེའི་ནང་དུ་ལྟ་སྐུལ་ཚོད་འཛིན་པར་ཆས་དང་། མིས་བཟོས་རིག་སྟོབས། སྐྱེ་དངོས་དབྱེ་འབྱེད་(དཔེར་ན་སྐད་སྒྲའི་མ་དཔེ་དང་།  རིགས་རྒྱུན་གྱི་མ་དཔེ། ངོ་གདོང་ངོས་འཛིན་ལྟ་བུ།
  • རྒྱ་ནག་སྲིད་གཞུང་གི་སྔོན་ཐོན་འཕྲིན་སྐྱེལ་ལག་རྩལ་གྱིས་སྲིད་གཞུང་གི་དཔོན་རིགས་དང་དེའི་བྱ་སྤྱོད་ལ་རྩོད་གླེང་དང་སྐྱོན་བརྗོད་བྱས་ཏེ་རྒྱ་ནག་གི་བསམ་བློ་དང་མཐུན་པ་དང་ལྷག་བསམ་རྣམ་དག་ཡོང་བར་སྐུལ་འདེད་གཏོང་དགོས།
  • དབྱིན་ཡིག་ཐོག་”མི་རིགས་ཆེན་པོར་ཞིབ་འཇུག་བྱེད་པ་“ཞེས་འབོད་པའི་རྒྱ་ནག་ཉེར་སྤྱོད་མཉེན་ཆས་ཤིག་ནི་”ཞིས་ཅིན་ཕིང་གི་བསམ་བློ་”ལ་བརྟེན་ནས་སྤྱོད་མཁན་ལ་སློབ་གསོ་བཏང་ནས་རྒྱ་ནག་གུང་ཁྲན་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆེད་དུ་ཡིན་ཞིང་། བེད་སྤྱོད་བྱེད་མཁན་གྱིས་དེའི་ནང་གི་རྩོམ་ཡིག་ལ་བལྟས་ནས་ཧུར་བརྩོན་གྱིས་དཔྱད་གཏམ་བརྗོད་པར་བརྟེན་ནས་བྱ་དགའ་ཐོབ་པ་རེད།  ལས་ཀ་བྱེད་ས་ཁ་ཤས་སུ་ཉེར་སྤྱོད་མཉེན་ཆས་དེ་གླ་ཕོགས་དང་འབྲེལ་བ་ཡོད་པས། བཀོལ་སྤྱོད་བྱེད་པར་རྒྱ་ནག་གི་ལས་བྱེད་པ་དང་གཞུང་ལས་པར་སྒྲིག་སྦྱོར་བྱེད་པའི་བཙན་ཤེད་རང་བཞིན་ལྡན། འཇར་མན་གྱི་དྲྭ་རྒྱའི་བདེ་འཇགས་ཚོང་ཚོགས་Cure53 ཞེས་པས་ད་དུང་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་ཏེ། ཁོ་ཚོས་རྒྱ་ནག་ལ་དྲ་སྤྱོད་མཁན་གྱི་སྡོད་གནས་དང་། ཁ་པར། འབྲེལ་གཏུག་བྱེད་སྟངས་བཅས་ཐོ་འགོད་བྱེད་པའི་ལྟག་སྒོའམ་ལྐོག་ཁང་། ཡང་ན”ཁང་པའི་ཕྱི་རོལ་“backdoor” ཞེས་པ་ཞིག་ཡོད་པ་ར་སྤྲོད་བྱས། ཉེར་སྤྱོད་མཉེན་ཆས་ཁྲོད་རྙེད་པའི་ཚབ་རྟགས་ཤིག་གིས་”རིམ་འདས་སྤྱོད་མཁན་”“super user” གྱི་དམིགས་བསལ་དབང་ཆ་སྤྱད་དེ་ཡིག་ཆ་བཟོ་བཅོས་དང་ keystroke logging མཉེན་ཆས་སྒྲིག་སྦྱོར་བྱེད་ཐུབ།  བཀོལ་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་མི་སྒེར་གྱི་གཞི་གྲངས་དང་། པར་ཆས། སྐད་སྦུག  ཁ་པར་གྱི་ཟིན་ཐོ། གནས་ཡུལ་བཅས་ལ་ལྟ་ཞིབ་བྱེད་པར་འཐད་པ་བྱུང་།

རྒྱ་ནག་གི་2017ལོའི་རྒྱལ་ཁབ་ཀྱི་གསང་གནས་ཁྲིམས་ཡིག་གིས་བཅའ་ཁྲིམས་ཀྱི་བླང་བྱ་ལྟར་རྒྱ་ནག་གི་ཁེ་ལས་ཚོང་ཚོགས་དང་། རྩ་འཛུགས།  སྤྱི་དམངས་བཅས་གང་ཞིག་ཡིན་རུང་དགོས་མཁོ་ཡོད་དུས་རྒྱ་ནག་བདེ་འཇགས་དང་གསང་བའི་ལས་ཁུངས་ལ་རྒྱབ་སྐྱོར་དང་།  རོགས་རམ།  དེའི་རྐྱེན་གྱིས་ 5G རྟེན་གཞིའི་སྒྲིག་བཀོད་ཀྱི་རྒྱ་ནག་གློག་འཕྲིན་སྒྲིག་ཆས་ནང་འདྲེན་དང་མ་དངུལ་འཇོག་པར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྣང་ཉེན་ཚབས་ཆེན་པོ་བཟོ་སྲིད་པས།  དམག་དོན་དང་རྒྱལ་སྲུང་གསང་འཕྲིན་གསང་མྱུལ་གྱི་བྱ་སྤྱོད་ལ་གོ་ནོར་ཐེབས་སྲིད། ཨོ་སི་ཁྲུ་ལི་ཡའི་འཐབ་ཇུས་སྲིད་ཇུས་ཞིབ་འཇུག་ཁང་གི་སྙན་ཐོ་ལྟར་ན།  རྒྱ་ནག་རྒྱལ་ཁབ་ལ་དབང་བའི་གཞི་གྲངས་ཆེན་པོའི་ཁེ་ལས་ཚོང་ཚོགས་ཤིག་གིས་ཉིན་ལྟར་སྤྱི་ཚོགས་དང་སྲོལ་རྒྱུན་གྱི་བརྒྱུད་ལམ་དང་5Gཡིས་ཆ་སྙོམ་སྐད་རིགས་མི་འདྲ་བ་ 65 ཡི་ཚིག་ཁྲག་ཁྲི་ཆེན་པོ་ལྔ་ five trillion wordsའདོན་བཞིན་ཡོད་པ་བཀོད་ཡོད། དེས་ན་རྒྱ་ནག་གློག་འཕྲིན་སྒྲིག་ཆས་ནང་འདྲེན་བྱས་པའི་མཇུག་འབྲས་ནི་དེའི་ལག་རྩལ་སྒེར་གཅོད་རིང་ལུགས་དང་ལག་རྩལ་མི་རིགས་རིང་ལུགས་ཀྱི་བྱེད་སྟངས་ནང་འདྲེན་བྱས་པ་དང་ཧ་ལམ་འདྲ་བ་རེད།

རྒྱ་ནག་གིས་དྲང་གཞག་མིན་པའི་ཉོ་ཚོང་བྱེད་སྟངས་དང་། ཁ་གསབ། ཚོང་རའི་བཀག་རྒྱ། ཤེས་བྱའི་ཐོན་དངོས་བདག་དབང་རྐུ་ཁྱེར་བཅས་དང་རྒྱ་ནག་བཅའ་ཁྲིམས་ཟུང་འབྲེལ་བྱས་ཏེ་རྒྱ་ནག་ཁེ་ལས་ཀྱིས་རྒྱལ་ཁབ་དབང་འཛིན་ལས་ཁུངས་ལ་གསང་འཕྲིན་འཚོལ་སྡུད་བྱེད་རོགས།  མི་མང་པོ་ཞིག་གིས་རྒྱ་ནག་གི་ 5G ཡིས་གོ་ལ་ཧྲིལ་པོའི་ཚོང་རའི་ཁ་ལོ་སྒྱུར་བའི་འགྲན་བསྡུར་དེ་ཐོག་མར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བཀོད་སྒྲིག་བྱེད་པར་དཔལ་འབྱོར་གྱི་ཕན་འབྲས་ཁོ་ན་ལས་བརྒལ་བར་སེམས་ཁུར་བྱེད་ཀྱིན་ཡོད། རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་གསང་དོན་ལ་སེམས་ཁུར་བྱེད་པའི་རྒྱལ་ཁབ་ཀྱིས་རྒྱ་ནག་གློག་འཕྲིན་ཡོ་བྱད་དམ་ཡང་ན་དེའི་ 5G རྟགས་ཅན་གྱི་རྨང་གཞིའི་སྒྲིག་བཀོད སའི་གོ་ལ་ཧྲིལ་པོའི་མི་སྒེར་དང་། ཁེ་ལས་ཚོང་ཚོགས། སྲིད་གཞུང་བཅས་ཀྱི་བདེ་འཇགས་ནི་ 5G ཡི་ཚད་གཞི་གཏན་འབེབས་བྱེད་སྐབས་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་དགོས་ལ།  རྒྱ་ནག་སྐམ་ས་ཆེན་པོ་ལས་བརྒལ་བའི་བློས་འགེལ་ཆོག་པའི་སྒེར་གཉེར་སྡེ་ཁག་གིས་ཀྱང། འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་བྱ་སྤྱོད་ཀྱིས་འཛམ་གླིང་གི་ལག་རྩལ་ཡར་ཐོན་གྱི་སྒྲིག་ལམ་ལ་འགྱུར་ལྡོག་འབྱུང་བར་སྔོན་དཔག་བྱ་དགོས། བྱེད་ཐབས་དེ་རིགས་ཀྱི་ནང་དུ་ཧ་ཅང་ཉུང་ཉུང་ཞིག་ལས་མེད་ཀྱང་གཤམ་གསལ་གྱི་ནང་དོན་ཚུད་མེད།

  • གུ་ཡངས་དང་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་མནའ་མཐུན་རྒྱལ་ཁབ་དང་མཉམ་དུ་འགག་རྩ་དང་རྩེར་སོན་དྲྭ་རྒྱའི་ལག་རྩལ་གྱི་འབྱུང་ཁུངས་གསར་པ་གསར་སྤེལ་བྱ་དགོས།
  •  མི་རབས་རྗེས་མའི་གོ་ལ་ཧྲིལ་པོའི་ལག་རྩལ་ཐད་ནས་རྒྱང་ལྟའི་རང་བཞིན་ལྡན་པའི་ཐོན་ལས་སྲིད་ཇུས་གཏན་འབེབས་བྱ་དགོས།
  • རྒྱལ་ནང་དང་ཡིད་རྟོན་རུང་བའི་ཁེ་ལས་ཚོང་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་།  དེའི་ཐོན་རྫས་ནི་5G ནི་མ་འོངས་པར་མེད་དུ་མི་རུང་བ་ཞིག་ཡིན།
  • རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་ལས་ཁུངས་ནང་མཉམ་ལས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས་པ་ལས་མི་རིགས་གཅིག་པུས་དབང་སྒྱུར་གྱི་གོ་གནས་བཟུང་ནས་འབྱུང་གྲབས་ཡོད་པའི་སྐུད་མེད་ལག་རྩལ་ལ་སྒེར་སྡེམ་བྱེད་དུ་འཇུག་མི་རུང་།

In the wake of exponential advancements in digital technology around the globe, our modern societies have also become inseparable from technology and the internet. This growth in technology implies a growth in our civilization, pushing individuals and nations to heavily rely on it unlike ever before. Moreover the revolution in mobile technology is nowadays not only limited to instant communication at a distance, but very much linked to the privacy and security of our personal and professional hours. Although the hardware capabilities of mobile devices keep pushing their boundaries, the key element in all mobile technology is the cellular network technology it incorporates to facilitate internet services to these devices. Developments in this cellular network technology can be both very beneficial as well as detrimental to the convenience, privacy and security of individuals and nations worldwide. 

5G wireless technology refers to the 5th generation of cellular network technology which succeeds its predecessor, the 4G technology. It promises 20 times faster data speeds compared to its predecessor. It also provides ultra low latency which means less delay and more reliability in responsiveness. It can simultaneously connect to more devices and has a potential to revolutionize the advance in robotics and automation, artificial intelligence and machine learning, virtual and augmented reality. However it is crucial to understand that anything that uses communication frequency bands can be intercepted, imitated, manipulated and misused. Moreover this drastic shift in data speed and simultaneous connectivity to numerous devices could lead to evolution of new security vulnerabilities with broader attack surface. The 5G technology being new has issues pertaining infrastructure availability and compatibility. The required telecom equipment and the data associated with such a possible infrastructure should  be safeguarded from threats to prevent unintended leaks of personal or security data. 

Huawei and ZTE are two Chinese tech giants when it comes to 5G technology. Both these companies specialize in telecommunications and are global leaders in telecom equipment manufacture. Although Huawei denies any connection with the Chinese government and claims to be a private company owned on a share-holder basis, ZTE on the other hand is known to be partially state-owned. In the global race to 5G, China is determined to dominate its global marketplace through a whole-of-government approach, encompassing resources and bureaucratic coordination. According to a report released by the multinational professional services firm Deloitte in August 2018, since 2015 China had built 350,000 new 5G towers, compared with 30,000 constructed by the United States. China was among the first to initiate and promote development of 5G related equipment and its companies, notably Huawei and ZTE became 5G ready – both in terms of hardware and software. Moreover China has also opened a 5G signal base at the Ganbala radar station in the remote Himalayan region of Tibet which is the world’s highest manually operated radar station at an elevation of 5,374 meters. On 30th June 2020, the U.S Federal Communications Commission (FCC) formally designated Huawei and ZTE as national security threats as the agency found that both of these companies had close ties to the Chinese Communist Party and China’s military apparatus. Other Chinese companies flagged as national security threats are Hytera Communications Corporation, Hangzhou Hikvision Digital Technology Company, and Dahua Technology Company.

President Xi Jinping’s signature foreign policy, the Belt and Road Initiative (BRI)formally launched in 2013, is a Chinese government’s strategy for achieving global technological dominance designed to increase Chinese presence and investments in countries around the world, and expand markets for Chinese products to grow its own economy. However It is widely believed that this strategy is also to reinforce China’s global footprint and increase its diplomatic and strategic power. This BRI policy is a reinforced version of pre-existing policies and projects essentially aimed at creating a Chinese sphere of geopolitical and economic influence across the globe. Chinese leaders call it the “project of the century” and have included the same in the Nation’s constitution. Chinese companies’ participation in international standards-setting bodies in 5G technology is to ensure that global standards are compatible with Chinese technology to push the global political and economic order to align with Chinese interests. World nations are reluctant in adopting and implementing 5G technology from Chinese tech giants as critical reliance on telecom equipment from Chinese tech giants such as (Huawei, ZTE and China Mobile ) can potentially be controlled by the Chinese intelligence services and the military in peacetime and in crisis. 

One of the central components of the BRI is the Digital Silk Road which refers to China’s plan for integrating the digital sectors of telecommunications.  These sectors include ZTE, China Mobile, Huawei, the Internet of Things, and e-commerce (Alibaba and JD.com) to create regional connectivity. This plan includes a China-centric technological order which focuses on Chinese exports of digital infrastructure including necessary telecoms equipment for the same. This state-backed technological dominance is feared to be intended for gaining large datasets regarding the structural and political order of other nations and its nationalities to manipulate political perceptions around the world. The most evident instances of this threat are as follows :

  • Beijing’s repression in Xinjiang against Uyghur minorities is increasingly heightened by a broad range of technology, including surveillance cameras, artificial intelligence, biometrics (such as voice samples and DNA), and facial recognition profiling.
  • The Chinese government’s system of “Social Credit Scores” enabled by advanced communication technologies to flush out disputes and criticism  against its government officials and their actions, and to promote conformity and loyalty to the Chinese Communist Party ideology. 
  • A Chinese app known in English as “Study the Great Nation” was designed to indoctrinate its users with “Xi Jinping thought” and enforce loyalty to the Chinese Communist Party. Users are rewarded with points by reading the articles in it and commenting positively on them. In some workplaces, use of the app is tied to wages, and the app is mandatory to install for party officials and civil servants. The German cybersecurity company Cure53 also published a report regarding the app in which they confirmed the presence of a potential “backdoor” for the Party to log users’ locations, calls, and contact lists. A code found in the app enables “super user” privilege, enabling file modification and installation of keystroke logging softwares. In order to run the app, users must agree to allow access to personal data, cameras, microphones, call logs, and locations.

Since China’s 2017 National Intelligence Law legally requires that any Chinese company, organization or its citizen shall support, assist, and cooperate with the Chinese security and intelligence agencies whenever required. Consequently, importing or investment on Chinese telecom equipment for the 5G infrastructure could pose serious National Security threats and could be misused for espionage of military and defence intelligence. As per a report by the Australian Strategic Policy Institute, A Chinese state-owned big data company can mine approximately five trillion words in 65 different languages every day from social and traditional media and with 5G, the potential is exponentially increased. So it’s fair to say that  consequences of importing Chinese telecom equipment would be similar to importing its techno-authoritarianism and techno-nationalist approach.

China’s unfair trade practices, subsidies, market barriers, and intellectual property theft combined with Chinese law which requires companies in China to help national authorities gather intelligence has become a source of great concern for many nations. Many fear that China’s race to global market dominance in 5G and being first to deploy it nationwide has intentions beyond just economic benefits. Nations concerned about their National security and privacy of its people should be very cautious in adopting Chinese telecom equipment or their 5G infrastructure.  Security of individuals, companies, and governments across the globe relies on international collaboration in the setting of 5G standards and also requires more reliable private sectors across countries and continents to supply secure physical infrastructure and software. A global collective action should be anticipated to bring a change in this world order of technological advancement.  Few of such approaches include but are not limited to :

  • Open and free countries should work with their allies to develop new sources of critical and cutting edge network technologies.
  • Formulate forward-looking industrial policy in terms of the next generation of global technologies. 
  • Support domestic and trustworthy companies whose products will be essential to the future of 5G.
  • Play a collaborative leadership role in international standards-setting bodies instead of letting a single nation dominate and bring monopoly with regards to the upcoming generation of wireless technologies.
Back to Top